ཡིག་གཟུགས་ཇ་ཁང་དུ་སྐྱོད་པའི་བྱ་འགུལ་བོད་ལྗོངས་ལྷ་ས་ནས་སྤེལ་བ།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྒོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་ཆེད་དུ་ད་ལོའི་ཟླ༡༢ཚེས༤ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ལྷ་ས་གྲོང་ཁྱེར་དུང་ཞེན་བཞི་དང་གོང་བཀུར་བཞི་ཡི་བྱ་འགུལ་གཞུང་ལས་ཁང་། ལྷ་ས་གྲོང་ཁྱེར་ཡིག་མཁན་མཐུན་ཚོགས་གཉིས་ཀྱིས་འགན་སྒྲུབ་མཛད་པའི་ཞི་ཅིན་ཕིང་གི་ལེགས་བཤད་བརྩམས་ཆོས་ཇ་ཁང་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་ཞིག་ལྷ་ས་གྲོང་ཁྱེར་བསང་ཆུ་ཇ་ཁང་གི་སྒོ་ཐེམ་ནས་སྤེལ་པ་རེད།
ཐེངས་འདིའི་བྱེད་སྒོའི་ཁྲོད་བོད་ཀྱི་ཡིག་གཟུགས་བྲིས་ལེགས་ཀྱང་སྒྱུ་རྩལ་གྱི་རིན་ཐང་མཐོ་བ། མཐའ་གཤམ་དང་མཐའ་སྒམ་སྤུས་ལེགས་སྤྲོས་པའི་བརྩམས་ཆོས་ཧ་ཅང་མང་པོ་ཇ་ཁང་གི་རིག་གནས་སྒྱུ་རྩལ་འཚོ་བའི་རོ་བཅུད་ཇེ་ལེགས་སུ་གཏོང་བར་ཕུལ་ཞིང་། གོང་རིམ་མགོ་ཁྲིད་དང་ཡིག་མཁན། ཡིག་གཟུགས་སྒྱུ་རྩལ་ལ་རོལ་མྱོང་བྱེད་མཁན་གྱི་རྒྱ་ཆེ་བའི་མི་དམངས་ཚང་མས་བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་རིགས་གནས་ལ་དགའ་ཞེན་དང་གོང་བཀུར། བརྩིས་མཐོང་གི་ཁྲོད་ནས་རྒྱུད་འཛིན་དར་སྤེལ་གཏོང་བའི་བྱེད་ཕྱོགས་ང་ཚོའི་འདྲེན་བྱེད་མྱོས་པའི་དཔལ་དུ་བཀྲམས་ཡོད།
|