བོད་ཀྱི་ཡིག་གཟུགས་དྲ་བའི་ལོ་ན་ཆེས་ཆུང་བའི་ཡིག་མཁན་སྐལ་བཟང་ལུང་རྟོགས་རྒྱ་མཚོ།
སྐལ་བཟང་ལུང་རྟོགས་རྒྱ་མཚོ། སྨྱུག་མིང་ལྡན་མ་རྩེ་སྨྱུག།སྤྱི་ལོ༢༠༡༠ལོའི་ཟླ༩ཚེས་༡༢ཉིན་མདོ་སྟོད་མི་ཡི་ཆོལ་ཁའི་ཁོངས་གཏོགས་ཁམས་ལྡན་མ་རུ་མི་ལུས་རིན་པོ་ཆེའི་སྐྱེ་བ་བཞེས། ཆུང་ནས་རྣམ་རིག་གསལ་ཞིང་ཕ་མ་ལ་གུས་པ། རོགས་པ་ཆུང་ཆུང་ཚོ་དང་རྩེ་རྒྱུར་དགའ་ཞིང་གཞན་དང་མཐུན་པ། བགྲང་བྱ་བདུན་པའི་ཐོག་སློབ་ཆུང་དུ་ཞུགས་ཤིང་འབད་བརྩོན་ཆེ་བས་འཛིན་གྲྭའི་ནང་གྲུབ་འབྲས་རྩེར་སོན་འབའ་ཞིག་བླངས། ཞོར་དུ་ཕ་རྒན་གྱིས་ཁྲིད་སྟོན་དང་རང་འགུལ་ཐོག་བོད་ཀྱི་ཡིག་གཟུགས་ལ་འབད་པ་ཤ་ཐང་དུ་བགྱི་བཞིན་ཡོད།
༢༠༢༠ལོའི་ཟླ་༦པར་ཆབ་མདོ་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གིས་གཙོ་གཉེར་གནང་བའི་གྲོང་ཁྱེར་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ལས་སློབ་ཆུང་སློབ་མའི་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ། ༢༠༢༠ལོའི་ཟླ་༨པར་༼ སྒ་ཆབ་མདོ་ནོར་བུའི་ཕ་ས་རེད ༽ ༼ ཚངས་དབྱངས་རྒྱ་མཚོའི་མགུར་གླུ ༽ ༼ སྡེར་ནང་ས་བྲིས་ཡིག་ཆེན་གྱི་སྡོམ་ཚིག་གསལ་བའི་མེ་ལོང ༽ཅེས་པའི་བརྩམས་ཆོས་གསུམ་ཆབ་མདོ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་གནང་བའི་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲེམ་སྟོན་གྱི་བརྩམས་ཆོས་སུ་བདམས་ནས་འགྲེམ་སྟོན་བྱས། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་༢༠༢༠ལོའི་ཟླ་༡༡པར་སྤེལ་བའི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་སློབ་མའི་འགྲན་ཚོགས་ཀྱི་ཨང་དང་པོའི་བྱ་དགའ་ཐོབ། བུ་ཆུང་ཁོང་གི་ཡིག་གཟུགས་དྲ་སྟེང་དུ་སྤེལ་བ་འདིས་ཁོ་རང་ཉིད་ལ་རྟིང་སྐུལ་དང་ན་མཉམ་གྱི་གྲོགས་པོ་ཆུང་ཆུང་དག་ལ་སྐུལ་མའི་ཚུལ་དུ་བཀོད་པ་ལགས། ད་ལྟ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་འགུ་རོ་ལྟེ་བའི་སློབ་ཆུང་ལོ་རིམ་བཞི་པའི་ནང་དུ་སློབ་གཉེར་བྱེད་མུས་སུ་མཆིས།
|