设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女子展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

སྨྱུག་མའི་སྨྱུ་གུ་བཟོ་སྟངས།

 二维码 537
发表时间:2020-11-10 02:56作者:ཚེ་རིང་དབང་རྒྱལ་གྱིས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

སྨྱུག་མའི་སྨྱུ་གུ་བཟོ་སྟངས།

ཚེ་རིང་དབང་རྒྱལ་གྱིས།

        དང་པོ་སྨྱུག་མའི་སྨྱུ་གུ་ལ་རིང་ཐུང་མཐོ་གང་ལྷག་ལས་མི་རིང་བ་དང་། སོར་བརྒྱད་ལས་མི་རིང་བར་བྱ། སྨྱུག་མའི་རྒྱབ་རྩི་རང་སར་བཞག་པ་ལས་འབྲད་མི་རུང་། གཡས་གཡོན་ནས་སྨྱུག་རྫིང་དང་སྨྱུག་རྩེ་ཇེ་ཕྲ་བཏང་སྟེ་གཞོག   འགྲམ་གཉིས་ཅུང་ཟད་ཟླུམ་ན་མཐེ་མཛུབ་ཀྱིས་དཀྱུ་བདེ། སྨྱུག་རྟིང་རྩེ་མོ་ཁབ་རྩེ་ལྟར་རྣོ་བར་བྱ། སྨྱུག་རྩེ་སོར་གང་ཙམ་གཞལ་མཚམས་ནས་གྲིས་གཞོག་ཅིང་། མགྱོགས་པོ་འབྲི་བྱེད་ལ་རྫིང་གས་ཆེ་ཙམ་བྱ། ལེགས་པར་འབྲི་བྱེད་ལ་རྫིང་གས་ཆུང་ཙམ་བྱ།

     དབུ་ཅན་འབྲི་བྱེད་ལ་གཡོན་ངོས་སུ་གསེག་ཆེར་བྱ། དབུ་མེད་འབྲི་བྱེད་ལ་གཡས་ངོས་སུ་གསེག་ཆུང་སོགས་བྱ།