设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

སྡེབ་བྲིས་ཀྱི་ཕ་ས་དཀར་མཛེས་ཁུལ་གྱི་བྲིས་གཟུགས་ཕྱོགས་བསྒྲིགས།

 二维码 136
发表时间:2021-01-01 10:14作者:མཁས་གྲུབ来源:ཁམས་པའི་དྲ་བ།


སྡེབ་བྲིས་ཀྱི་ཕ་ས་དཀར་མཛེས་ཁུལ་གྱི་བྲིས་གཟུགས་ཕྱོགས་བསྒྲིགས།

མཁས་གྲུབ



20201110



      དུས་རབས་ཉེར་གཅིག་པ་ནི་གློག་འཕྲིན་དང་དྲ་བ་སོགས་ཚན་རིག་གི་ཡང་རྩེར་སོན་པའི་དུས་རབས་ཤིག་ཡིན་པས། རང་ཅག་ཁ་བ་ཅན་གྱི་སྲོལ་རྒྱུན་གྱི་སོར་མོའི་སྒྱུ་རྩལ་གྱི་རྣམ་གྲངས་ཕུན་སུམ་ཚོགས་པའི་ཡིག་གཟུགས་འདི་དག་ཉམས་རྒུད་དུ་འགྲོ་བར་དམིགས་ནས། དཀར་མཛེས་ཁུལ་སྲིད་གཞུང་དང་ཁུལ་རིག་གནས་ཁང་། ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་སོགས་ཀྱིས་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་འདི་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་བའི་སྙིང་སྟོབས་ལ་བརྟེན་ནས་བོད་རང་གི་བྲིས་གཟུགས་སྒྱུ་རྩལ་གྱི་ཐད་ཐབས་བཀོད་སྣ་ཚོགས་བཏོན་པ་དང་། ལྷག་པར་དུ་སྡེབ་བྲིས་ཀྱི་ཕ་ས་དཀར་མཛེས་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་སྔོག་འདོན་དང་མྱུར་སྐྱོབ་ཀྱི་ལས་དོན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ༢༠༡༤ལོ་ནས་དཀར་མཛེས་ཁུལ་རིག་གནས་ཁང་གིས་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཙུགས་ནས་དམངས་ཁྲོད་དང་སློབ་གྲྭ་སོགས་ལ་ཁ་ཕྱོགས་ཏེ་ཡི་གེ་པ་མང་པོ་གསོ་སྐྱོང་བྱས་ཡོད།


20201110



20201110



20201110



20201110



20201110



20201110



         ཐེངས་འདིར་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་དག་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་འོག༼   སྡེབ་བྲིས་ཀྱི་ཕ་ས་དཀར་མཛེས་ཁུལ་གྱི་བྲིས་གཟུགས་ཕྱོགས་བསྒྲིགས། ༽   ཞེས་པའི་བརྙན་དེབ་ཅིག་རྣམ་པ་ཚོའི་སྤྱན་སྔར་བསྟར་ཐུབ་བྱུང་ཡོད་ལ། དེ་ལས་སྔོན་བྱོན་བྲིས་ཀྱི་ཆེད་མཁས་འགའི་མཚམས་སྦྱོར་དང་སྔོན་བྱོན་བྲིས་ཀྱི་ཆེད་མཁས་འགའི་ཕྱག་བྲིས་སྐོར། དེང་རབས་ཀྱི་ཡིག་མཁན་འགའི་ཡིག་གཟུགས་སྐོར། མཛེས་བྲིས་དང་ཞིབ་འཇུག་གསར་རྩོམ་གྱི་སྐོར། བྲིས་ཀྱི་ཤེས་བྱའི་སྐོར། དཀར་མཛེས་ཁུལ་གྱི་ཡིག་མཁན་འགའི་བྲིས་དཔེ་ངོ་སྤྲོད་སྐོར་སོགས་མདོར་ན་ཡིག་གཟུགས་སྣ་ཚོགས་ཀྱི་མེ་ཏོག་རྣམ་པར་བཞད་ཅིང་སྒྱུ་རྩལ་གྱི་དྲི་བསུང་མངར་མོ་ཕྱོགས་ཀུན་འཐུལ་བའི་སྣ་འཛོམས་རང་བཞིན་གྱི་བྲིས་གཟུགས་བརྙན་དེབ་ཅིག་ཡིན་ནོ། །


མཉམ་སྤྱོད།分享