གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་གསར་གཏོད་པའི་གོ་རིམ།

 二维码 69
发表时间:2021-02-11 00:14作者:སྡེ་དགེ་དཔལ་བསྡུས།来源:ཁམས་པའི་དྲ་བ།

        བོད་བཙན་པོའི་ཡར་སྔོན་གཡུང་དྲུང་གི་སྟོན་པ་མི་བོ་ཆེ་ནས་བོད་རྒྱལ་གྱི་གྲི་གུམ་བཙན་པོའི་བར་དུ་མདོར་བསྡུས་བརྗོད་ན། གཡུང་དྲུང་གི་སྟོན་པ་མི་བོ་ཆེས་རྟག་གཟིགས་སྤུངས་སོ་ཆེ་ཆུང་དང་། ཡིག་མཁན་ལྷ་དགས་སྨར་ཆེ་ཆུང་། ཀོང་ཙེ་རྒྱལ་པོས་འཕྲུལ་ཡིག   གྲི་གུམ་བཙན་པོས་དུས་སུ་བྱུང་བ་གཤེས་ཀླུ་དགའ་སོགས་ཀྱིས་དྲག་ཡིག   བོད་ཆེན་པོའི་རྒྱལ་རབས་ནས་བོད་རྒྱལ་མཇུག་མ་གླང་དར་བར་དུ་ཡིག་གཟུགས་ཀྱི་འགྱུར་བ་ཆེན་པོ་བརྒྱད་བྱུང་བ་འདི་ལྟར། སྲོང་བཙན་སྒམ་པོའི་དུས་སུ་བྱུང་བ་ཡིག་མཁན་ཐུ་མི་སམྦྷོ་ཊ་བོད་ཀྱི་མཛངས་མི་བཞི་པ་ཡིན། མང་སྲོང་གི་དུས་སུ་བྱུང་བ་ཡུག་མཁན་ཆ་ངར་རིན་ཆེན་འབར། འདུས་སྲོང་མང་རྗེའི་དུས་སུ་བྱུང་བ་ཡིག་མཁན་ཆབ་དཀར་བེའུ་ཚེ། མེས་ཨག་ཚོམ་གྱི་དུས་སུ་བྱུང་བ་ཡིག་མཁན་དགེ་བསྙན་དཀོན་མཆོག་དབང་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་བྱུང་བ་ཡིག་མཁན་བྷེ་ཤོ་ཁྲམ་མམ་ཤྰཀྱ་དཀོར་དང་། ལྡན་མ་རྩེ་མང་། གནུབས་སངས་རྒྱས་ཡེ་ཤེས། བེེ་རོ་ཙ་ན། མུ་ནེ་བཙན་པོའི་དུས་སུ་བྱུང་བ་ཡིག་མཁན་ཚེ་སྤོང་བྱང་ཆུབ། མུ་ཏིག་བཙན་པོའི་དུས་སུ་བྱུང་བ་ཡིག་མཁན་འབྲེ་བ་ཡོན་ཏན། ཁྲི་རལ་པ་ཅན་གྱི་དུས་སུ་བྱུང་བ་ཡིག་མཁན་གྲ་ཤོད་རྣམ་གཉིས་ཏེ་གྲྭ་བ་སྐ་བ་དཔལ་བརྩེགས། ཤོད་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་གསུང་རབ་བཟོ་ལ་མཁས་པ་རྣམས་སྙོམས་ལ་ཆ་འགྲིགས་པ། ངོས་གཙང་ཞིང་འབྲི་སྒྲོས་ལེགས་པ། སྐྱེན་གཙང་དག་མགྱོགས་ལྡན་པ་ཤ་སྟག་བྱུང་ངོ་། བསྟན་པ་ཕྱི་དར་ནས་ས་སྐྱའི་སྲིད་དབང་འཛིན་པའི་བར་དུ་བྱུང་བ་ཡིག་མཁན་སྒྲོ་ཉ་ཤ་རི་བ་དང་། མཐོང་བ་རྡོ་རྗེ་དཔོན་སློབ་གཉིས་དང་།ཡིག་མཁན་ཕྱག་རྡོར། ཡིག་མཁན་ཀ་ཁྱུང་། ས་སྐྱ་པནྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཤངས་པ་བཀའ་རྒྱུད་སྲོལ་བཏོད་པ་པོ་ཡིག་མཁན་ཁྱུང་པོ་གཡུ་ཁྲི། དེ་ཡི་སློབ་རྒྱུད་ཡིག་མཁན་རོང་པོ་དང་། སུམ་པནྜི་ཏ། དཔང་ལོ་ཙྭ་བ་བློ་གྲོས་བརྟན་པ། རྒྱལ་དབང་ལྔ་པའི་དུས་སུ་ཡིག་མཁན་ཐུབ་བསྟན་འཛིན། ཆོས་རྒྱལ་རྒྱལ་མཁར་རྩེ་བ། ཡིག་མཁན་དཔལ་ལྡན་ཕུན་ཚོགས། སྡེ་སྲིད་སངས་རྒྱས་རྒྱ་མཚོ། བོད་པ་ཅི་ཅི། དབལ་མང་ངག་དབང་རྒྱ་མཚོ། ཀུན་མཁྱེན་འཇིགས་མེད་དབང་པོ། དཔལ་རིའི་བསྟན་འཛིན་འཕྲིན་ལས། ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་སྐུ་དུས་སུ་སི་ཏི་ཆོས་ཀྱི་འབྱུང་གནས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཀུ་སེའི་ཡིག་མཁན་ཀརྨ་ཚེ་དཔལ། དཔལ་སྤུངས་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། ཀར་སྲས་མཁྱེན་བརྩེ་འོད་ཟེར། དྲུང་གཉིས་ཚེ་དབང་། ཕུན་ཚོགས་ཆོས་གྲགས། དགེ་སློང་ཨོ་རྒྱན་ཡེ་ཤེས། བཀྲ་ཤིས་དབང་ཕྱུག   ཡིག་མཁན་བཀྲ་ལུ། སྲུང་མ་བཀྲ་ཤིས།

     ཨོ་རྒྱན་མགོན། ཡིག་མཁན་ཐང་ལྷ་ཚེ་དབང་། ས་སྐྱ་བླ་མ་སྦྱིན་པ་ཆོས་འཕེལ། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ། རྫོགས་ཆེན་མཁན་པོ་ལྷ་རྒྱལ། གཡག་ཟེ་མཁན་པོ་ཚེ་དབང་འགྱུར་མེད། ཀ་སེའི་ཡིག་མཁན་ཚེ་རྣམ། ཨ་འཛི་བླ་མ་ནོར་བུ་དབང་རྒྱལ། ཨ་མདོའི་ཡིག་མཁན་སྨོན་ལམ་རྒྱ་མཚོ། ཡིག་མཁན་ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། བླ་བྲང་དཀོན་མཆོག་རྒྱལ་མཚན། ལྷ་སའི་ཟླ་བ་ཚེ་རིང་། པཎ་ཆེན་ཆོས་ཀྱི་རྒྱལ་མཚན། ང་ཕོད་ངག་དབང་འཇིགས་མེད། མཁན་པོ་ཚེ་རྣམ།རྨུ་སངས་ཨོ་རྒྱན་བསྟན་འཛིན། ལྔ་རིག་སྨྲ་བ་མཁན་པདྨ་ཚེ་དབང་ལྷུན་གྲུབ། མཁན་པོ་བློ་ཆོས། བླ་མ་ཕན་བདེ། སྰཙྪ་སྒྲུབ་རྒན་ཀརྨ་སེང་གེ། སྐེ་སྲིབ་འུ་ལུ། པེ་ཝར་སྤྲུལ་སྐུ་འཆི་མེད་རྡོ་རྗེ། མཁན་པོ་ཚེ་རིང་ཉི་མ། མཚོ་ཕུ་རྡོ་ལོ་རིན་པོ་ཆེ་སོགས་སྨྱུག་འཛིན་གྱི་ཁྲི་འཕང་མཐོན་པོར་བཞུགས་པ་འདི་དག་གིས་སོར་མོའི་སྒྱུ་རྩལ་གྱི་ཉམས་དང་ཕྱི་རབས་རྣམས་ལ་དྲན་གསོའི་ཆེད་དུ་བཞག་གནང་ཡོད་པའི་རིན་བྲལ་གྱི་ཡིག་གཟུགས་པོ་ཏི་དང་བྲིས་དཔེ་སྣ་ཚོགས་དངོས་སུ་བཞུགས་པ་ལས་གསལ།