设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན། ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།

 二维码 295
发表时间:2021-02-11 00:17作者:མཁས་གྲུབ་ནོར་བུ་དང་པདྨ་ནོར་བུ།来源:ཁམས་པའི་དྲ་བ།

སྐད་ཡིག་གཉིས་ནི་མི་རིགས་བླ་སྲོག་ཡིན།ཡི་གེའི་གཟུགས་ཀྱི་བྲིས་རྒྱུན་ལེགས་པར་སྐྱོངས།

          དེ་ཡང་ཉེ་བའི་ལོ་བཞི་བཅུ་ལྷག་གི་ཡར་སྔོན་དུ་རིག་གནས་གསར་བརྗེ་ཆེན་པོ་ཞེས་ལོག་སྤྱོད་ཀྱི་བྱ་བ་དེས་བོད་ཁམས་ཀྱི་དགོན་སྡེ་སོ་སོ་དང་རིག་གནས་བཅས་ལ་གཏོར་བརླག་ཚབས་ཆེན་ཐེབས་པས་བློ་ཁོག་ཡིད་ཀྱི་གཏིང་ནས་ཕངས་སེམས་སྐྱེ།   བོད་པའི་སྙིང་ཁྲག་རྒྱུ་བའི་སྐྱེ་བོ་ཞིག་ཡིན་ཕྱིན་རང་གི་རིག་གནས་ཉམས་པར་སླར་གསོ་དང་མ་ཉམས་གོང་དུ་སྤེལ་བ་ལ་ཐུགས་བཞེས་མཛད་དགོས་པའི་གནས་ཤིག་ཡིན།   མིག་སྔར་རང་རེ་བོད་མི་རིགས་ལ་མཚོན་ན་དེང་རབས་ཀྱི་ཚན་རིག་ལག་རྩལ་སོགས་ཀྱི་ཐད་ནས་རྗེས་ལུས་སུ་གྱུར་ཡོད་སྟབས་དེ་དག་བཟློག་པའི་གཉེན་པོའི་བྱ་བ་གང་ཞིག་ནི་མི་རིགས་རང་གི་སྐད་དང་ཡི་གེ་འཕེལ་རྒྱས་གཏོང་བ་དེ་ཡིན།   གང་ལྟར་མི་རིགས་ཤིག་ཡུན་རིང་གནས་ཐུབ་མིན་དང་འཕེལ་རྒྱས་བྱུང་མིན་ནི་གཙོ་བོ་སྐད་དང་ཡི་གེར་རགས་ལས་པས་སྐད་དང་ཡི་གེ་ནི་མི་རིགས་ཤིག་མི་རིགས་གཞན་དག་ལས་དགར་བའི་ཁྱད་ཆོས་གཙོ་བོ་ནང་གི་གཅིག་ཡིན་ལ།   སྐད་ཡིག་གྲུབ་པ་དང་འཕེལ་བ་ནི་མི་རིགས་ཤིག་གྲུབ་པ་དང་འཕེལ་བའི་མཚོན་རྟགས་གཙོ་བོ་ཡིན།   དེས་ན་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཀྱང་རང་སྐད་དང་རང་ཡིག་གཙོ་བོ་འཛིན་པ་ནི་སྨྲ་མ་དགོས་པ་རེད།   སྐད་དང་ཡི་གེ་མེད་ན་སྲོག་གི་དབང་པོས་མ་བཟུང་པའི་བེམ་པོར་གྱུར་པ་དང་འདྲ།   དེ་གཉིས་མེད་ན་མི་རིགས་ཤིག་ཀྱང་མེད་པར་འགྱུར་རོ། །རང་ཅག་བོད་མི་རིགས་ལ་མཚོན་ན་རླབས་ཆེན་གཟི་བརྗིད་དང་ལྡན་པའི་རིག་གནས་ཀྱི་བང་མཛོད་རྒྱ་ཆེན་པོ་ཡོད་པས།   ལོ་རྒྱུས་རིག་གནས་དང་བསམ་བློ་ཀུན་སྤྱོད་ཕྱོགས་ནས་ནམ་ཡང་དབུལ་པོའི་གྲལ་དུ་ལྷུང་དོགས་མེད།   དེས་ན་རང་རེ་གཞོན་སྐྱེས་དག་གིས་ནོར་བུའི་ནོར་ཉམས་ཆོད་པར་གྱིས་ལ།   གཞི་ནས་མི་རིགས་རང་གི་སྐད་དང་ཡི་གེ་དར་སྤེལ་གྱི་གོམ་སྟབས་མདུན་ལམ་གསར་པ་ཞིག་ཏུ་བསྐྱོད་དགོས།

           མིག་སྔར་བོད་ཀྱི་ཡིག་གཟུགས་ཀྱི་གནས་བབས་དང་དེ་དར་སྤེལ་གཏོང་བའི་དམིགས་ཡུལ།
          དུས་རབས་ཀྱི་ངོ་གདོང་རེ་རེ་ནས་སྤྱི་ཚོགས་ལ་འཕོ་འགྱུར་ཡོང་བ་དངོས་པོའི་ཆོས་ཉིད་ཅིག་རེད།

          ང་ཚོའི་མིག་མདུན་ན་གནས་པའི་དུས་རབས་ཉེར་གཅིག་པ་ནི་དུས་རབས་སྔོན་མ་རྣམས་ལས་འཕུར་འཆོང་གིས་མདུན་དུ་ཆས་ཏེ་ཆ་འཕྲིན་གྱི་གར་སྟེགས་སུ་ཆགས་ནས།   འཕྲུལ་ཆས་མི་གཤིས་ཅན་དང་ཡོད་ཚད་དེང་རབས་ཅན་དུ་གྱུར་ཏེ་འཛམ་གླིང་གི་དངོས་ཡོད་མཐའ་དག་ལག་མཐིལ་གྱི་རི་མོ་ལྟར་དྲྭ་ངོས་ནས་གསལ་པའི་ཁ་སང་དང་དེ་རིང་གི་དུས་འདིར།   སྲོལ་རྒྱུན་གྱི་ལག་རྩལ་ལས་རིགས་གང་མང་ཞིག་གི་ཚེ་སྲོག་བོར་རླགས་སུ་སོང་བ་ལྟར་ཉམ་ཆུང་ནུས་མེད་དུ་འགྲོ་གིན་ཡོད་སྟབས།   ང་ཚོས་དེ་དག་དུས་རབས་འདི་ནས་ཤུགས་ཀྱིས་ཡར་འདེགས་དགོས་པའི་དངོས་པོ་དམའ་ཤོས་ཞིག་ལ་བསམ་ནས་ལག་བྲིས་ཡིག་གཟུགས་ཀྱི་མཛེས་རྩལ་དེ་ཉིད་ས་རྐོ་རྡོ་སློག་ལྟ་བུར་སྔོག་གང་ཐུབ་ཀྱིས་ཧུར་བརྩོན་བྱེད་དགོས།   ཕྲན་ཆུང་རང་གི་བསམ་ཚུལ་ལྟར་ན་ལག་བྲིས་ཡིག་གཟུགས་ཀྱི་མཛེས་ཉམས་ལ་རི་མོའི་མཛེས་རྩལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཞིག་ལྡན་འདུག་སྙམ།   གཅིག་ནས་ཡིག་གཟུགས་ནི་གལ་ཆེའི་ལོ་རྒྱུས་གདུང་འདེགས་བྱེད་པའི་ཀ་བ་ལྟ་བུ་ཞིག་དང་།   གཉིས་ནས་གཟི་བརྗིད་ལྡན་པའི་དུས་རབས་ཀྱི་ལས་འགན་བསྒྲུབས་ནུས་ཚེ་མ་འོངས་པར་མཛེས་བྲིས་ཡིག་གཟུགས་ཀྱི་ལང་ཚོའི་ངོ་གདོང་གསར་པ་ཞིག་མིག་གི་ལོངས་སྤྱོད་དུ་འབྱོར་ཐུབ།   གསུམ་ནས་ཚིག་གི་སྙན་ཆ་དང་།   དོན་གྱི་བརྗོད་གཞི།   གཟུགས་ཀྱི་མཛེས་ཆོས།   རིག་གནས་ཀྱི་རིན་ཐང་སོགས་ཕྱོགས་གང་ཐད་ནས་ཀྱང་གཞན་སེམས་འགུགས་པའི་མཐོ་རིམ་རིག་གཞུང་གི་ཆོས་ཉིད་ཞིག་མངའ་འདུག་སྙམ།   འདིར་བཤད་པའི་ཡིག་གཟུགས་ནི་ལག་བྲིས་ཡིག་གཟུགས་གཙོར་བྱས་ནས་བཤད་པ་ཡིན་ལ།   ལག་བྲིས་ཡིག་གཟུགས་དང་རྩིས་འཁོར་ཡིག་གཟུགས་གཉིས་ལའང་ཁྱད་པ་ཆེན་པོ་ཡོད་དེ།   ལག་བྲིས་ཡིག་གཟུགས་ལ་སྒྱུ་རྩལ་གྱི་སྙིང་བཅུད་ཐད་ཐུན་མིན་གྱི་རང་གཤིས་ལྡན་པ་དང་།   དེ་དག་ལ་གདོད་མའི་རྒྱུད་གཤིས་དང་།   ལག་རྩལ་གྱི་འཇོན་གཤིས། གསར་གཏོད་ཀྱི་སྙིང་བཅུད་དང་བསྒྱུར་བཅོས་ཀྱི་རང་བཞིན་བཅས་ཀྱིས་ཕྱུག་ལ། དེ་དག་གི་ཉམས་འགྱུར་རེ་རེའི་ཆ་ནས་ལྟ་མཁན་གྱི་ཡིད་དབང་འཕྲོག་པར་མཛེས་མའི་ངོ་གདོང་དང་འདྲ་བའི་སྒེག་ཉམས་ཤིག་ལྡན་པས་རེད།   ད་དུང་སྣག་ཚ་དང་སྨྱུ་གུ།   ཤོག་བུ།   ཐ་ན་སྨྱུག་ཁ་སྐོར་སྟངས་ཡན་ཆད་ལ་ཐུན་མོང་མིན་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡིན།

             ཡིག་གཟུགས་འཕེལ་རྒྱས་ཀྱི་བསམ་གཞིགས།

             དང་པོ་རང་ཉིད་ནས་མགོ་བཟུང་སྟེ་ཡིག་གཟུགས་ལ་དོ་སྣང་བྱེད་དགོས།   ཡིག་གཟུགས་ནི་ལག་རྩལ་གྱི་རྣམ་གྲངས་གལ་ཆེན་ཞིག་དང་རིག་གཞུང་གི་མ་ལག་འགངས་ཆེན་ཞིག་རེད།   ཡིན་ཡང་ད་ལྟ་སློབ་གྲྭ་ཁག་ནས་མཐའ་ཕྱིན་པའི་འབུམ་རམས་པ་དང་རབ་འབྱམས་པ་དག་ལ་ལག་ཤེས་འདིའི་ཤེས་ཚད་སྐྱོ་བོ་ཞིག་ཆགས་ཡོད་ཁར།   ཡིག་གཟུགས་ལ་བཅངས་བའི་འདུ་ཤེས་ཞན་པོ་ཞིག་གིས་ལག་བྲིས་ཡིག་གཟུགས་ལ་དོ་སྣང་བྱེད་པའི་མོས་པ་དེ་ཧ་ཅང་ཐབས་ཆགས་ཞིག་གི་གནས་སུ་ལྷུང་འདུག་སྟབས།   ཡིག་གཟུགས་ཀྱི་ཐོག་ནས་རིག་གནས་ཀྱི་རིན་ཐང་མངོན་མ་ཐུབ་ལ།   དེ་ཉམས་དམས་སུ་འགྲོ་བའི་གནས་སུ་ལྷུང་ཡོད་པས་ཆེས་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད།   གཞི་རྒྱ་ཆེ་བའི་ལས་དོན་གང་ཞིག་བསྒྲུབ་དགོས་ཚེ་མི་སྒེར་ག་གེ་མོ་ཞིག་གམ་ཚོགས་པ་ལ་ལ་ཞིག་གིས་སྒྲུབ་ཐུབ་པར་དཀའ་ལས་ཁག་པོ་ཡིན།   དེས་ན་བོད་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བར་གཞོལ་བའི་སྐྱེས་བུ་ཡོངས་ཀྱིས་ཡིག་གཟུགས་འཕེལ་རྒྱས་ཀྱི་འགན་འཁྲིའི་འདུ་ཤེས་ཞིག་སོ་སོའི་བསམ་བློའི་གཏིང་རིམ་ན་འཇགས་དགོས་རྒྱུ་དེ་གཙོ་བོའི་གནད་འགག་ཞིག་དང་།   རིག་གནས་ཀྱི་རྣམ་བཞག་གང་ཞིག་ཡིན་ཡང་ཚོང་ལས་དང་འདྲ་བར་ཕན་ཚུན་བརྗེ་རེས་དང་འགྲོ་འོང་།   དཔྱད་གཞིགས་དང་བརྡར་བསྲེགས།   བགྲོ་གླེང་དང་དོགས་སློང་།   གོ་སྐབས་དང་སྟུན་ནས་འགྲན་སློང་གི་དར་ཆ་ཕྱར་ཏེ་དུས་རབས་ཀྱི་ལམ་ཁ་ནས་དཀའ་ཁག་གི་འགན་འཁྲི་ཁུར་ཏེ་མདུན་དུབསྐྱོད་དགོས་པ་ཤིན་ཏུ་གལ་ཆེའོ།
             ཡིག་གཟུགས་ནི་དད་ཡུལ་ཞིག་ཡིན་པའི་ངེས་པ་མེད།   ང་ཚོས་དད་ཞེན་རྙིང་རུལ་གྱི་ལྭ་བ་ལྗིད་པོ་དེ་མར་ཕུད་ནས་དངོས་ཡོད་ལ་དུང་བའི་འདུན་པ་གསོན་པོས་བསམ་བློའི་ལེའུ་ཞིག་བསྒྱུར་དགོས་ཀྱིན་འདུག    དེ་སྔོན་མི་མང་པོ་ཞིག་གིས་བླ་མ་དང་སྤྲུལ་སྐུ་ཞིག་གིས་འབྲི་བའི་ཡི་གེ་འདྲ་ཡིན་ན་བྱིན་རླབས་ཡོད་རྒྱུ་རེད་བསམ་ནས་ཡར་ལྷ་ཁང་གི་ནང་དུ་འཇོག་ན་ཤེས་ཀྱི་མ་རེད་མ་གཏོགས།   དེ་མིན་ན་བྲིས་ཡག་པོ་ཅི་འདྲ་ཞིག་ཡིན་ན་ཡང་མཐོང་ཆེན་བྱེད་ཀྱིན་མི་འདུག    དེང་སང་མི་ལ་ལ་ཞིག་གིས་ཡིག་གཟུགས་ལ་དད་པའི་འདུ་ཤེས་ལས་རིག་གནས་ཀྱི་འདུ་ཤེས་དང་སྒྱུ་རྩལ་གྱི་འདུ་ཤེས་ཤིག་འཛིན་གྱིན་མི་འདུག    ངས་བསམ་ན་ཡིག་གཟུགས་ཀྱི་རིན་ཐང་དེ་ལྷས་བཟོ་བཀོད་བྱས་པ་མ་ཡིན་པར་མིའི་ལག་ཤེས་ཀྱི་ཆ་ནས་ཐོན་པ་ཞིག་ཡིན་སྟབས།   ཆེས་མཛེས་པའི་བྲིས་ཀྱི་སྒྱུ་རྩལ་གྱི་ཉམས་དང་གཟུགས་ཀྱི་ངོས་ནས་མིག་གི་ལོངས་སྤྱོད་དུ་སྤྲོ་སྣང་སྟེར་བ་ཞིག་རེད།
             མ་འོངས་པར་བོད་ཀྱི་ཡིག་གཟུགས་ཐད་ནས་ཤུགས་འདོན་རྒྱུ་ལ།   མིག་སྔར་བོད་ཀྱི་ཡིག་གཟུགས་ཀྱི་གནས་བབས་དེ་སྐྱ་ཆད་སྔོ་སྡུག་གིས་འཚོ་བཞིན་ཡོད་ལ།

          ང་ཚོས་བྲིས་རྒྱུན་གྱི་ལག་རྩལ་དེ་མི་རིགས་གཞན་གྱི་ལག་རྩལ་དང་འདྲ་བར་ཚོང་ལས་ཅན་དང་དཔལ་འབྱོར་ཅན་གྱི་ཁྲོམ་ར་འགྲིམ་ཐུབ་པ་ཞིག་བྱུང་ན་མི་རིགས་གཞན་གྱི་རིག་གནས་དང་ལག་རྩལ་ལྟ་བུའི་ཁྲིམས་མཐུན་གྱི་ཁེ་དབང་ཞིག་ང་ཚོ་ལ་ཡང་དབང་བ་རེད་ལ།   དེ་དག་ཚོང་ལས་ཅན་དང་འགྲན་སློང་གི་གར་སྟེགས་ཞིག་ནས་ངེས་པར་དུ་དཔལ་འབྱོར་རང་བཞིན་ཅན་གྱི་རིག་གནས་ཀྱི་རང་གཤིས་ཤིག་ཆགས་རྒྱུའི་ཇུས་གཞི་ལེགས་པོ་ཞིག་འདོན་དགོས་པ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན་ལ།   དེ་དང་འབྲེལ་ཏེ་ཡིག་གཟུགས་ཚོགས་པ་སོགས་མང་དུ་བཙུགས་ནས་སྤྱི་ཚོགས་དང་རྒྱལ་ནང་རྒྱལ་སྤྱི་བཅས་ནས་ཁྱབ་རྒྱ་ཆེ་རུ་ཕྱིན་ཐུབ་པ་ཞིག་བྱུང་ན་ཤིན་ཏུ་ལེགས་སྙམ།