设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

འབྲས་སྤུངས་དགོན་གྱི་གནའ་དཔེའི་ཡིག་གཟུགས་ཀྱི་སྒྱུ་རྩལ་སྐོར།

 二维码 24
发表时间:2024-02-27 11:08作者:མི་གསལ来源:ཁམས་པའི་དྲ་བ།

འབྲས་སྤུངས་དགོན་གྱི་གནའ་དཔེའི་ཡིག་གཟུགས་ཀྱི་སྒྱུ་རྩལ་སྐོར།


        བོད་ཀྱི་ཡི་གེ་འབྲི་བའི་སྒྱུ་རྩལ་ལ་ཡི་གེའི་ཆ་ཚད་དང་།གཅེས་བརྒྱད།འདོན་བཅུ།མ་ཆོས་ཉེར་གཅིགབུ་ཆོས་བཅུ་དྲུགསྤྱི་ཆོས་གསུམ་སོགས་ཡོད་པ་ནི་དབུ་ཅན་གྱི་རྩ་བའི་ཤེས་བྱ་ཡིན་ལ།བྱེ་བྲག་ཏུ་རྩ་བ་གཟབ་ཆེན་དང་གཟབ་ཆུང་གཉིས།འབྲུ་ཆེན་དང་འབྲུ་ཆུང་གཉིས།བཤུར་མ་དང་དཀྱུས་ཡིག་གཉིས་ཏེ་དྲུག་ཏུ་འདུ་བར་བཞེད་མོད།གནའ་དཔེའི་བང་མཛོད་འདི་ཉིད་ལ་ཞིབ་འཇུག་བྱས་ན་བོད་ཀྱི་ཡི་གེའི་གཟུགས་བརྙན་གྱི་སྒྱུ་རྩལ་དེ་ཉིད་རྩོམ་པ་པོའམ་འབྲི་པ་པོའི་སོར་རྩེའི་ཁྱད་ཆོས་སམ་སྦྱངས་པའི་དབྱེ་བས་ཡིག་གཟུགས་ནང་གསེས་སུ་མི་འདྲ་བ་བརྒྱ་ཕྲག་ཁ་ཤས་སུ་ཕྱེས་ཆོག་པར་སྣང་།དབུ་ཆེན་བྲིས་ཆ་རྙིང་ཤོས་བཀའ་བསྟན་གྱི་གྲས་སུ་གཏོགས་པ་ཏུན་ཧོང་གི་ཡི་གེའི་གཟུགས་དང་འདྲ་བའམ་ཆེས་ཉེ་བ་ནས་དགའ་ལྡན་ཕོ་བྲང་མ་ཚུགས་གོང་དུ་བྲིས་པའི་དབུ་ཆེན་བར་དང་།འབྲུ་ཆུང་ལའང་དེ་མཚུངས་སུ་དུས་རིམ་སོ་སོའི་ཁྱད་ཆོས་མི་འདྲ་བ་ཧ་ཅང་མང་བ་དང་།འབྲུ་ཚའི་ཡིག་གཟུགས་ཁོ་ནའང་གཟུགས་མི་འདྲ་བ་ཤིན་ཏུ་མང་པོ་འདུག་པ་མ་ཟད།བརྡ་སྤྱོར་ཀྱི་རྗོད་བྱེད་ཀྱི་འཕེལ་རིམ་ཐད་ལ་འགྱུར་བ་ཇི་ལྟར་སོང་མིན་གྱི་མེ་ལོང་དྲི་བྲལ་ཞིག་ཀྱང་རེད།བོད་ཀྱི་སྐད་ཀྱི་འཕེལ་རིམ་དང་།འགྱུར་བ་དང་།དེའི་ཚབ་མཚོན་ཡི་གེའི་སྒྱུ་རྩལ་གྱི་འཕེལ་རིམ་ཡང་ལག་མཐུལ་དུ་སྐྱུ་རུ་ར་བཞག་པ་ཇི་བཞིན་མཐོང་ཐུབ་ཀྱི་འདུག དཔར་མ་ལ་པེ་ཅིན་དཔར་མ་དང་།སྣང་ཐར་དཔར་མ།སྣེ་གདོང་དཔར་མ།དགའ་ལྡན་དཔར་མ།ནང་སོག་དཔར་མ་སོགས་ལ་གཞིགས་ན་ཉེ་དུས་ཀྱི་ཤིང་དཔར་གྱི་སྒྱུ་རྩལ་དང་བར་ཁྱད་ཅི་ཡོད་དང་ཐོག་མའི་རྣམ་པའི་བར་ཕྱོགས་མང་པོར་དབྱེ་ཞིབ་ཀྱི་རིན་ཐང་གཞལ་དུ་མེད་པར་མཆིས་སོ། །