ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་
སྐབས་གསུམ་པའི་སློབ་མའི་ལས་བྱ་འགྲེམས་སྟོན་དང་འགྲན་བསྡུར།
༄༅།།ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱིས་སྐབས་གསུམ་པའི་སློབ་མའི་ཡིག་གཟུགས་ལས་བྱ་འགྲེམ་སྟོན་དང་འགྲན་བསྡུར་གཉིས་ལྡན་གྱི་བྱ་འགུལ་སྤྱི་ཟླ་བཅུ་གཅིག་པའི་ཚེས་དྲུག་ཉིན་ལ་སྤེལ། ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོ་གཉིས་དང་ཨང་གཉིས་པ་བཞི། ཨང་གསུམ་པ་དྲུག དེ་མིན་ཕུལ་བྱུང་བྱ་དགའ་གཅིག་བཅས་བསྡོམས་པས་སློབ་མ་བཅུ་གསུམ་ལ་བྱ་དགའ་ཐོབ། དེ་ལས་སངས་རྒྱས་སྐྱབས་དང་ཏིང་འཛིན་ཚེ་རིང་གཉིས་ནི་ཨང་དང་པོ། སློབ་གྲོགས་བཀྲ་ཤིས་དོན་གྲུབ་དང་སངས་རྒྱས་མཚོ།མཁའ་མོ་ཆོས་སྒྲོན།ཡོན་ཏན་ལྷུན་འགྲུབ་བཅས་ནི་ཨང་གཉིས་པ། མཚོ་ལོ་དང་བསོད་ནམས་དབང་མོ།ཕྱག་རྡོར་སྐྱིད།ཚེ་བྷེ།གདུགས་དཀར་སྐྱིད།བྱམས་པ་ཕུན་ཚོགས་བཅས་ནི་ཨང་གསུམ་པ།སློབ་གྲོགས་སྙན་གྲགས་ལ་ཕུལ་བྱུང་བྱ་དགའ་ཐོབ།
ཨང་དང་པོ།
ཏིང་འཛིན་ཚེ་རིང་།
སངས་རྒྱས་སྐྱབས།
ཨང་གཉིས་པ།
བཀྲ་ཤིས་དོན་གྲུབ།
སངས་རྒྱས་མཚོ།
མཁའ་མོ་ཆོས་སྒྲོན།
ཡོན་ཏན་ལྷུན་འགྲུབ།
ཨང་གསུམ་པ།
མཚོ་ལོ།
བསོད་ནམས་དབང་མོ།
ཕྱག་རྡོར་སྐྱིད།
ཚེ་བྷེ།
གདུགས་དཀར་སྐྱིད།
བྱམས་པ་ཕུན་ཚོགས།
ཕུལ་བྱུང་།
སྙན་གྲགས།
ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་དགེ་རྒན་དག་ནི། ཀན་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ཨ་ཁུ་ཤེས་རབ་རྒྱ་མཚོ་དང་རྒན་སྐལ་བཟང་དོན་གྲུབ། རྒན་བླ་མ་སྐྱབས། རྒན་འཇམ་དཔལ་ཚེ་ལོ་བཅས་ཡིན།
ཚོན་གྱི་སྒྱུ་རྩལ་ཤོག་དཀར་ཐང་ལ་ངོམས།།
བདེ་མོའི་སོར་རྩེས་ཡིག་ཚོགས་བསྟར་དུ་བསྒྲིགས།།
ཚིག་གི་དག་ཆས་དོན་འབྱིན་གོ་བས་ཀྱང་།།
དག་ཐོན་མཚོན་བྱེད་རི་མོའི་གནས་འདི་ཡང་།།
དར་ནས་དར་ཞིང་རྒྱས་ནས་རྒྱས་གྱུར་ཅིག།
རྩ་བའི་བླ་མ་སྐུ་ཚེ་སྐལ་བརྒྱར་བརྟན།།
|