收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐེ་བོ་རིན་ཆེན་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ཀན་ལྷོ་ཁུལ་ཐོག་ནས་སྤེལ།

 二维码 979
发表时间:2020-10-13 18:10作者:ཐེ་བོ་རིན་ཆེན།  ཡིག་བསྒྱུར་ཀློག་ཀླད   ཞུ་དག་འཇམ་ཚེ来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།



ཐེ་བོ་རིན་ཆེན་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ཀན་ལྷོ་ཁུལ་ཐོག་ནས་སྤེལ།



0.jpg



        བཀྲ་ཤིས་པའི་ཀན་ལྷོ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ནས་ཡིག་གཟུགས་སྒྱུ་རྩལ་དར་སྤེལ་གཏོང་བའི་སྐུ་ཞབས་ཀྲང་ཡུང་ཅེད་དམ་ཐེ་བོ་རིན་ཆེན་གྱི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ཟླ་འདིའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ་ཀན་ལྷོ་ཁུལ་རིག་གནས་ཐོག་ཁང་ཆེན་མོའི་བཤམ་སྟོན་ཁང་ནས་སྤེལ་པ་རེད།



0-1.jpg



         ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་དང་ཁུལ་ཨུད་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཀྲའོ་ལིང་ཧུང་། ཁུལ་རིག་རྩལ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཡོན་ཅོའུ་སོགས་མཛད་སྒོར་ཕེབས།



1.jpg

ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་གྱིས་འགྲེམས་སྟོན་གྱི་སྒོ་མོ་ཕྱེ་བ།


2.jpg

ཁུལ་ཨུད་དྲིལ་བསྒྲགས་པུའུ་ཀྲང་གཞོན་པ་ཀྲའོ་ལིང་ཧུང་གིས་ཚོགས་ཐོག་ནས་གཏམ་བཤད་གནང་བཞིན་པ།




3.jpg

ཡིག་མཁན་ནམ་ཐེངས་འདིའི་འགྲེམས་སྟོན་མཁན་ཐེ་བོ་རིན་ཆེན་གྱིས་འགྲེམས་སྟོན་སྐོར་འོས་སྦྱོར་བྱེད་བཞིན་པ།



        སྐུ་ཞབས་ཀྲང་ཡུང་ཅེད་ཀྱི་དངོས་མིང་ལ་རིན་ཆེན་ནམ་ཡོངས་གྲགས་སུ་ཐེ་བོ་རིན་ཆེན་ཟེར། ཁོང་ནི་1962ལོར་སྐྱེས།བོད་རིགས་ཀྱི་ཡིག་གཟུགས་མཁས་དབང་དྲུང་ཡིག་སྨོན་ལམ་རྒྱ་མཚོ་དགེ་རྒན་དུ་བསྟེན་ནས་ལོ་སུམ་ཅུ་ལྷག་ལ་སྦྱང་བ་བྱས་ཤིང་བོད་ཡིག་གི་ཡིག་གཟུགས་རྣམ་གྲངས་བདུན་ཙམ་ཁོང་དུ་ཆུད་པ་མ་ཟད་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་གསར་གཏོད་ཐད་དགའ་འོས་པའི་གྲུབ་འབྲས་ཐོབ་པ་མ་ཟད། རང་ཉིད་ལ་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཀྱི་ཁྱད་ཆོས་ཆགས་ཡོད་ལ། ད་ལྟ་ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་དང་། ཁུལ་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན། ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཐེ་བོ་རྫོང་ཀྱི་བོད་ཡིག་མཁས་མཐུན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན།



4.jpg

ཁུལ་དཔོན་སོགས་མགོ་ཁྲིད་དང་ཡིག་གཟུགས་དགའ་ཞེན་པ། སྒྱུ་རྩལ་བ་སོགས་གཟིགས་མོ་བ་ལྷན་རྒྱས་ལ་བརྩམས་ཆོས་འོས་སྦྱོར་གནང་བ།




5.jpg

རྩོམ་པོ་པོས་ཡུལ་དངོས་སུ་ཡིག་གཟུགས་ཀྱི་ལེགས་སྐྱེས་འབྲི་བཞིན་པ།



6.jpg

རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ཡུལ་དངོས་སུ་ཡིག་གཟུགས་འབུལ་བཞིན་པ།



    ཐེངས་འདིའི་འགྲེམས་སྟོན་ལ་མྱོང་རོལ་རང་བཞིན་གྱི་ས་སྐྱ་ལེགས་བཤད་བརྩམས་ཆོས་དང་བོད་ཡིག་ཡིག་གཟུགས་མི་འདྲ་བ་རིགས་བདུན་གྱི་སློབ་ཁྲིད་ཡིག་གཟུགས་བརྩམས་ཆོས་སོགས་སྒྱུ་རྩལ་བརྩམས་ཆོས་རྩེ་གྲ་130ལྷག་བཤམས་སྟོན་དུ་བཀྲམས་ཡོད་པ་རེད།



7.jpg




8.jpg




9 (1).jpg



9 (2).jpg



9 (3).jpg



9 (4).jpg



9 (5).jpg



9 (7).jpg



9 (6).jpg



9 (8).jpg



9 (9).jpg



9 (10).jpg



9 (11).jpg



9 (12).jpg



9 (15).jpg




9 (16).jpg



9 (17).jpg



9 (18).jpg



9 (13).jpg



9 (14).jpg