设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བྲིས་པ་བློ་གྲོས།

 二维码 1680
发表时间:2020-08-17 13:08作者:བློ་གྲོས།  རྩོམ་སྒྲིག་པ་ཧེ་རམ་པ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བྲིས་པ་བློ་གྲོས་མཚམས་སྦྱོར།




       དངོས་མིང་ལ་བློ་གྲོས་དང་པིར་མིང་ལ་གཟའ་སྨྱུག་རྫི་དུ་འབོད་པའི་ཡིག་མཁན་ཁོང་༡༩༩༡ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་གྲོང་རྡལ་གཟའ་རུ་སྨད་མ་རུ་སྐྱེས།   ལོ་བདུན་ནས་བཟུང་གཟའ་རུ་སྨད་མའི་སློབ་ཆུང་དུ་འབྲི་ཀློག་གི་རྨང་གཞི་ཐོག་མར་བསླབ། ལོ་བཅུའི་སྟེང་ལྷ་མོའི་སློབ་ཆུང་དུ་ཞུགས་ཏེ་རང་ལོ་བཅུ་བཞིའི་སྟེང་དུ་སློབ་མཐར་ཕྱིན། ལོ་བཅུ་བཞི་ནས་བཅུ་བདུན་བར་ལྔ་རིག་ཟབ་སྦྱོང་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་སྐལ་བ་བཟང་པོ་བྱུང་།   དུས་དེ་ནས་ཡིག་གཟུགས་དགེ་རྒན་འོད་ཟེར་རམ་ཀིར་འོད་ལས་སུག་རིང་དང་སུག་ཐུང་ཆུགས་མ་འཁྱུག་སོགས་ཀྱི་འབྲི་རིམ་གྱི་ཡིག་གཟུགས་སློབ་ཁྲིད་ཀྱི་བསྐལ་བ་བཟང་པོ་བྱུང་།

       ༢༠༡༥ལོ་ནས་ཡིག་མཁན་ཆེན་མོ་གླིང་བའི་ཨ་ཁུ་ཚུལ་ཁྲིམས་དང་ང་ཚོའིམཐུན་མོང་མ་ཡིན་པའི་བྲིས་རྒྱུན་གྱི་བདག་པོ་དགེ་མང་འཇམ་དཔལ་ལགས་དང་འདམ་སྤྲུལ་དགེ་འདུན་དབང་ཕྱུག་དང་གཙོས་དགོན་པའི་ཨ་ཁུ་ཤེས་རབ་རྒྱ་མཚོ་དང་ཐོན་མའི་གསེར་བྲིས་ཁང་གི་དགེན་འཇམ་དབྱངས་སོགས་ཀྱི་མདུན་ནས་དབུ་ཅན་དང་དབུ་མེད་ལནྩ་སྙེ་བྲིས་སོགས་ཡིག་གཟུགས་བཅུ་ཕྲག་ལྷག་ལ་སྦྱང་བ་བྱས། ༢༠༡༨ལོའི་ཡིག་གཟུགས་དུས་ཆེན་སྐབས་དཀར་མཛེས་ཁུལ་རིག་གནས་ཁང་དང་ཡིག་མཁན་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པའི་ཡིག་གཟུགས་འགྲན་བསྡུར་སྐབས་བདག་གི་དབུ་མེད་ཡིག་གཟུགས་ལ་ཨང་དང་པོའི་བྱ་དགའ་ཐོབ། ༢༠༡༨ལོར་རང་རྫོང་དུ་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་བསུ་བའི་ཡིག་གཟུགས་བཤམས་སྟོན་དེ་པད་ཡུ་ཆ་ཚང་བཅའ་སྡོད་སློབ་ཆུང་དུ་སྤེལ། སློབ་གཙོ་རྡོ་རྗེ་ཚེ་བཟུངས་ལགས་ཀྱི་རྒྱབ་སྐྱོར་དང་མཛོད་སྨྱུག་ཚོམས་གླིང་གི་བྲིས་གྲོགས་ཚོའི་ལྷག་བསམ་ལ་བརྟེན་ནས་ལེགས་འགྲུབ་བྱུང་།   ༢༠༡༩ལོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་གདོང་སྣེ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་རྒན་སྐལ་བཟང་ལགས་ཀྱི་ཐུགས་ཁུར་ལ་བརྟེན་ནས་ཡིག་གཟུགས་འགྲན་བསྡུར་ཐེངས་དང་པོ་སྤེལ་ལ་ཐུབ་པ་མ་ཟད་། རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་དབང་ཆེན་ལྷ་མོ་དང་རྔ་ཁུལ་བོད་ཡིག་སློབ་འབྲིང་གི་སློབ་གཙོ་གཙོ་བྱས་པའི་རང་རྫོང་གི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་རྣམས་དང་སྐད་ཡིག་དགེ་རྒན་མང་པོ་ཞིག་ཡུལ་དངོས་སུ་ཞུགས།