收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

རིག་རྩལ་དང་བླང་ཞབས་ཞུའི་བྱེད་སྒོ་གཞི་རིམ་སློབ་གྲྭར་སྐྱོད་པ།

 二维码 15117
发表时间:2020-07-22 17:17作者:དཔལ་མགོན་ཚེ་རིང་སོགས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


རིག་རྩལ་དང་བླང་ཞབས་ཞུའི་བྱེད་སྒོ་གཞི་རིམ་སློབ་གྲྭར་སྐྱོད་པ།

--------ཀླུ་ཆུ་ཛོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་རིག་རྩལ་དང་བླང་ཞབས་ཞུའི་བྱེད་སྒོ་སྤེལ་བའི་གནས་ཚུལ་དངོས་བྲིས།


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (19).jpg

སློབ་གྲྭའི་དགེ་རྒན་བཀྲ་ཤིས་དོན་གྲུབ་ཀྱིས་སློབ་གྲྭའི་གནས་ཚུལ་མཚམས་སྦྱོར་བྱེད་བཞིན་པ།


      ཡིག་མཁན་ཚོས་༼   རིག་རྩལ་དང་བླང་ཞབས་ཞུའི་བྱེད་སྒོ་   ༽ གཏིང་ཟབ་གཏོང་བ་དང་། སློབ་མའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་སམ་བདེ་ཐང་འཕེལ་རྒྱས་ལ་དམིགས་དེ། ད་ལོའི་ཟླ་༧ཚེས་༢༠ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་མཁན་ཁག་ཅིག་རང་རྫོང་མཚོ་ཉིན་ལྟེ་བའི་སློབ་གྲྭ་ཕེབས་ཏེ་༼   ཡིག་གཟུགས་སྒྱུ་རྩལ་གཞི་རིམ་སློབ་གྲྭར་སྐྱོད་པ་ ༽   ཞེས་པའི་བྱེད་སྒོ་སྤེལ།

  为深入推进“文艺志愿服务进校园”活动,提高学生综合素质,促进学生全面发展、健康成长。7月20日,碌曲县美术书法家协会走进尕海镇中心小学,开展“书法进校园”活动。



ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (6).jpg

སློབ་མ་ཚོའི་ཡིག་གཟུགས་འགྲན་བསྡུར་གྱི་་ཡུར་དངོས་དང་བརྩམས་ཆོས་དཔྱད་འདེམ་གྱི་རིམ་པ།



ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (5).jpg

འགྲན་སྡུར་དང་དཔྱད་འདེམ་གྱི་གནས་ཚུལ།


       ཐེངས་འདིའི་བྱེད་སྒོའི་ཁྲོད། ཡིག་མཁན་དང་ལྷ་རིས་སྒྱུ་རྩལ་པ། མཛེས་རིས་སྒྱུ་རྩལ་བ་ཁག་ཅིག་སློབ་གྲྭའི་ཡིག་གཟུགས་ཚོགས་པ་དང་། སློབ་རའི་རིག་རྩལ་ཁྱམ་ར། སྐོར་བྲོ་ཐང་ཆེན། འགྲན་བསྡུར་ཡུལ་དངོས་སོགས་སུ་གཟིགས་ཞིབ་ཏུ་ཕེབས་པ་དང་། མཚོ་ཉིན་ལྟ་བའི་སློབ་ཆུང་གི་ལོ་འདི་འགའི་སློབ་གསོའི་གྲུབ་འབྲས་ལ་ཚད་མཐོའི་གདངས་འཇོག་ཐོབ་པ་མ་ཟད། མ་འོངས་སློབ་གསོའི་བྱ་བར་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་རེ་བ་བཏོན།

  活动上,我县书法家们先后走进学校书法社团,书法文化长廊,详细了解学校书法教学开展情况后,对尕海小学书法教育工作取得的成果表示肯定,并对下一步学校书法教学工作提出了指导性意见建议。


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (4).jpg

སློབ་མ་ཚོའི་ཡིག་གཟུགས་འགྲན་བསྡུར་གྱི་་ཡུར་དངོས་དང་བརྩམས་ཆོས་དཔྱད་འདེམ་གྱི་རིམ་པ།



         བྱ་འགུལ་ཁྲོད། སློབ་གྲྭའི་དགེ་སློབ་ལྷན་འཛོམས་ཀྱིས་རང་རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་རོལ་མྱོང་དང་།   ཡུལ་དངོས་ཀྱི་བརྩམས་ཆོས་གསར་རྩོམ་ལ་མཉམ་ཞུགས་བྱས་ཏེ་སློབ་གྲྭའི་ཁོར་ཡུག་ཀུན་ལ་སྒྱུ་རྩལ་གྱི་དྲི་ངད་ཀྱིས་བཀང་བར་བྱས།   རེ་བ་དང་ཡིད་ཆེས་བལྟམས་པའི་ཡིག་རྩལ་གྱིས་སློབ་མ་རྣམས་ལ་སྒྱུ་རྩལ་གྱི་མྱོང་ཚོར་གསར་བ་སྟེར་བ་མ་ཟད། བོད་རང་གི་ཡིག་གཟུགས་སྒྱུ་རྩལ་ལ་ངོས་ཟིན་དང་བག་ཆགས་ཟབ་མོ་བཞག     ལྷག་པར་དུ་ཡིག་མཁན་ཚོས་བྱིས་པ་ཚོ་དང་མཉམ་དུ་ཡིག་གཟུགས་སྒྱུ་རྩལ་གྱི་སྣ་བརྒྱའི་མེ་ཏོག་གི་སྐྱེད་ཚལ་ཡང་བོར་ཅི་དགར་རོལ་མྱོང་དང་མཉམ་ཞིབ་བྱས་ནས།   ད་ནས་བཟུང་ཡི་གེའི་དག་སྙོམ་མཛེས་གསུམ་ཡོང་བ་བྱེད་དགོས་བའི་རེ་བ་བཏོན་པ་མ་ཟད།    ཡིག་གཟུགས་འབྲི་སྦྱོང་ལ་ཐོག་མར་སྐམ་བརྩེགས་དང་སྐམ་བྲིས།   དེ་ནས་རིམ་བཞིན་ལད་འབྲི་སོགས་ཀྱི་ཡང་དག་པའི་གོ་རིམ་བརྒྱུད་དེ་སློབ་སྦྱོང་བྱས་ནས་ཆུང་དུས་ནས་བཟུང་ཡིག་གཟུགས་ཡག་པོ་འབྲི་བའི་གོམས་གཤིས་ཆགས་ཐུབ་པ་བྱ་དགོས་པའི་རེ་སྐུལ་བྱས།

  活动上,学校师生欣赏了我县书法家创作的优秀藏文书法作品。同时,现场欣赏了书法家们挥毫泼墨的现场创作,整个教室气氛浓郁,墨香四溢。每一幅作品都饱含着书法家们对学子的殷切希望。他们挥洒自如的创作过程、精湛的书法技艺和美仑美奂的书法作品,充分展示出书法艺术的独特魅力。书法家们还不时与孩子们进行交流,给他们讲解书法基础要领,并鼓励孩子们要从小写好字,多临摹字帖,养成良好的学习习惯。


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (18).jpg

དགེ་སློབ་རྣམས་པས་མཉམ་དུ་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་སྐོར་བྱེད་བཞིན་པ།


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (17).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (16).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (15).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (14).jpg

ཡིག་མཁན་ཚོས་དགེ་སློབ་རྣམས་དང་མཉམ་དུ་ཡིག་གཟུགས་ཀྱི་བྲིས་རྩལ་ལ་རོལ་བཞིན་པ།


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (13).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (12).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (10).jpg

བྱ་དགའ་ཐོབ་པའི་སློབ་མས་ཡུལ་དངོས་ནས་བྲིས་རྩལ་ངོམ་བཞིན་པ།


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (9).jpg



ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (8).jpg


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (7).jpg

ཡིག་གཟུགས་སྐོར་ཀྱི་བསམ་བློ་བརྗེས་རེས།



ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (3).jpg




ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (2).jpg



ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (1).jpg


        རྒྱུས་ལོན་བྱས་པ་ལྟར་ན། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་བྱ་འགུལ་འདི་ད་ལོ་ནས་བཟུང་མགོ་བཙུགས་ཏེ་མུ་མཐུད་དུ་རྒྱ་བསྐྱེད་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གང་མང་ཞིག་གི་བྱིས་པ་དག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དགའ་ཞེན་དང་དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་འཚོ་བཅུད་ལ་རོལ་མྱོང་བྱེད་པར་ཞབས་འདེགས་དང་ནུས་པ་གང་ལེགས་འབུལ་རྒྱུའི་འཆར་གཞི་ཡོད་ཟེར།

   据悉,县美术书法家协会将会继续开展此项活动,走进更多学校,让孩子们能学到真正的书法,领略书法艺术独特的魅力。


ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (21).jpg




ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་མཚོ་ཉིན་སློབ་གྲྭར་སྐྱོད་པ། (22).jpg


(གསར་འགོད་པ་དཔལ་མགོན་ཚེ་རིང་།སྐལ་བཟང་རྒྱ་མཚོ།རྡོ་རྗེ་རིན་ཆེན།)

(记者:华贡才让   尕藏尖措   刀吉仁欠)