收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

དམའ་འབྲིང་གཉིས་པའི་སློབ་སྐོར་གྱིས་ཡིག་གཟུགས་འགྲན་སྡུར་སྤེལ་བ།

 二维码 8612
发表时间:2020-07-22 09:12作者:གསར་འགོད་པ་བདེན་འཚོལ།来源:ལང་ཚོའི་གོམས་སྟབས་སྤྱི་སྟེགས།


དམའ་འབྲིང་གཉིས་པའི་སློབ་སྐོར་གྱིས་ཡིག་གཟུགས་འགྲན་སྡུར་སྤེལ་བ།


------ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཡིག་གཟུགས་འགྲན་སྡུར་གནས་ཚུལ།   


གསར་འགོད་པ། བདེན་འཚོལ།



དང་པོ། ཟབ་སྦྱོང་འཛིན་གྲྭ་བཙུགས་ཚུལ།


            ཐོག་མར་ངེད་དམའ་གཉིས་སློབ་སྐོར་ཡིག་གཟུགས་དགེ་རྒན་འཇིགས་བྱེད་སྐྱབས་ལགས་ཀྱིས་འཛིན་གྲྭ་སོ་སོ་ནས་ཡིག་གཟུགས་ལ་དགའ་ཞིང་བྲིས་པ་བཟང་བའི་སློབ་མ་༣༤བསལ་ཞིང་འདེམས་ཏེ་ཟབ་སྦྱོང་འཛིན་གྲྭ་བཙུགས་པ་དང་། གཟའ་འཁོར་བཅོ་བརྒྱད་པའི་གཟའ་པ་སངས་དང་། སྤེན་པ། ཉི་མ་བཅས་ཀྱི་དགོང་ཚོགས་ཧྲིལ་བོར་སློབ་གྲྭའི་ཡིག་གཟུགས་དགའ་ཕྱོགས་སློབ་ཁང་དུ་ཟབ་སྦྱོང་བྱས་ཤིང་། སློབ་མ་རྣམས་ཀྱིས་རང་ཐད་ནས་ཡིག་གཟུགས་འབྲི་སྦྱོང་བྱས་པ་དང་། རྒན་ལགས་ཀྱིས་གང་ལ་དེ་འཚམ་གྱིས་ནོར་བ་ཡོ་བསྲང་དང་མཛུབ་སྟོན་གང་ལེགས་བྱས་པས། དུས་ཐུང་ནང་གོང་འཕེལ་མངོན་གསལ་བྱུང་ངོ་།


གཉིས་པ། བསལ་འདེམས་དཔྱད་བསྡུར་བྱས་ཚུལ།












         ཐེངས་འདིའི་དཔྱད་འདེམ་ལ་ངེད་སློབ་གྲྭའི་ཡིག་གཟུགས་དགེ་རྒན་བསོད་ནམས་རབ་བརྟན་ལགས་དང་དགེ་རྒན་འཇིགས་བྱེད་སྐྱབས་རྣམས་གཉིས་ཀྱིས་ཡི་གེ་རེ་རེའི་དཔུང་ལག་སྐེ་མཆུ་བསྐོར་ཚུལ་དང་། ཆེ་ཆུང་། བར་ཐག་སོགས་མདོར་ན་དབུ་ཅན་གཟུགས་ཀྱི་མཛེས་པ་བརྒྱད་ཀྱི་རྩ་དོན་གཞིར་བཟུང་སྟེ། ཡང་དང་བསྐྱར་དུ་དཔྱད་བསྡུར་ནན་ཞིབ་བྱས་པའི་འབྲས་སུ། གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་མ་བཅུ་གསུམ་ལ་བསྟོད་སྐུལ་གྱི་བྱ་དགའི་གཟེངས་སྐྱེས་བསྩལ་བ་རེད།










གསུམ་པ། བྱ་དགའི་བདག་རྐྱེན་གྱ་ནོམ་པ་གནང་ཚུལ།


         ཡིག་གཟུགས་འགྲན་སྡུར་འདི་ནི་ངེད་སློབ་སྐོར་གྱི་ཚན་གཙོ་དང་འཛིན་བདག་རྣམས་ཀྱིས་ཡང་ཡང་གྲོས་ཁ་བསྡུར་ཏེ་ཐག་གཅོད་བྱས་ཤིང་། ཡིག་གཟུགས་དགེ་རྒན་འཇིགས་བྱེད་སྐྱབས་ལགས་དང་མཉམ་འབྲེལ་གྱིས་བསྒྲུབ་འཆར་བཞག་པའི་སློབ་མའི་འཇོན་ནུས་གསོ་བའི་བྱེད་སྒོ་ཞིག་ལ་ངོས་བཟུང་ཡོད་པས།བྲིས་གཟུགས་ལེགས་ཤོས་ཀྱི་བརྩམས་ཆོས་བཅུ་གསུམ་ལ་མཐའ་ཤམ་བརྒྱབ་པ་དང་། དེའི་མ་དངུལ་ལ་སློབ་སྐོར་གྱི་དགེ་རྒན་དག་གིས་མི་རེས་ཞལ་འདེབས་སྒོར་༥༠རེ་ཕུལ་ཏེ་མཐུན་རྐྱེན་སྦྱར་བ་རེད།

        དེར་མ་ཟད་སློབ་གྲྭའི་ངོས་ནས། མི་རེར་གཟི་བརྗིད་དཔང་ཡིག་རེ་དང་དེའི་སྟེང་དུ།ཨང་དང་པོ་ལ།སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད།》《རྩོམ་ཉམས་དཔེ་ཁྲིད།》《འགྲོ་འདུག་ལག་དེབ།》《名人传》བཅས་དཔེ་ཆ་བཞི་དང་། ཡིག་གཟུགས་སྨྱུ་གུ་ཆ་ཚང་གཅིག རི་མོ་འབྲི་བའི་སྨྱུ་གུ་ཆ་ཚང་གཅིག ཀོ་བའི་ཟིན་བྲིས་འབྲི་དེབ་གཅིག་བཅས་དང་།ཨང་གཉིས་པ་ལ།སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད།》《རྩོམ་ཉམས་དཔེ་ཁྲིད།》《伊索寓言全集》བཅས་དཔེ་ཆ་གསུམ་དང་། ཡིག་གཟུགས་སྨྱུ་གུ་ཆ་ཚང་གཅིག ཀོ་བའི་ཟིན་བྲིས་འབྲི་དེབ་གཅིག་བཅས་དང་།ཨང་གསུམ་པ་ལ།པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།》《བྲོད་སེམས་ཀྱི་སྟོབས་ཤུགས་ཡིག་གཟུགས་སྨྱུ་གུ་ཆ་ཚང་གཅིག ཀོ་བའི་ཟིན་བྲིས་འབྲི་དེབ་གཅིག་བཅས་སྒོར་༡༧༠༠ལྷག་གི་བྱ་དགའི་བདག་རྐྱེན་སྦྱར་བའོ། འདི་ནི་དགེ་རྒན་གྱི་རྣམས་ཀྱི་ལྷག་བསམ་གྱི་རམ་འདེགས་དང་མ་ཡུམ་སློབ་གྲྭའི་རྒྱབ་སྐྱོར་འོག་ལེགས་འགྲུབ་ཆེན་པོ་བྱུང་།


ཨང་དང་པོ།

རྣམ་རྒྱལ་ཚེ་རིང་། དམའ་གཉིས་འཛིན་གྲྭ་བཅུ་པ།



ཨང་གཉིས་པ།

བཀྲ་ཤིས་དོན་གྲུབ་ཆུང་བ། དམའ་གཉིས་འཛིན་གྲྭ་གཉིས་པ།

ཀླུ་འབུམ་བཀྲ་ཤིས།
དམའ་གཉིས་འཛིན་གྲྭ་གཉིས་པ།

བཀྲ་ཤིས་ཚེ་རིང་། དམའ་གཉིས་འཛིན་གྲྭ་དགུ་པ།

བདེ་སྐྱིད་སྒྲོལ་མ།
དམའ་གཉིས་འཛིན་གྲྭ་གསུམ་པ།



ཨང་གསུམ་པ།

གདུགས་དཀར་བཀྲ་ཤིས། དམའ་གཉིས་འཛིན་གྲྭ་བརྒྱད་པ།

ལྷ་མོ་དོན་གྲུབ་ཆེ་བ། དམའ་གཉིས་འཛིན་གྲྭ་དགུ་པ།

སྒྲོལ་དཀར་སྐྱིད། དམའ་གཉིས་འཛིན་གྲྭ་བརྒྱད་པ།

གདུགས་དཀར་སྐྱིད། དམའ་གཉིས་འཛིན་གྲྭ་བཞི་པ།

མཚོ་ཉིན་ལྷ་མོ་འཚོ། དམའ་གཉིས་འཛིན་གྲྭ་ལྔ་པ།

དཔལ་ལྡན་ཚེ་རིང་། དམའ་གཉིས་འཛིན་གྲྭ་དང་པོ།

བཀྲ་ཤིས་འཚོ། དམའ་གཉིས་འཛིན་གྲྭ་གསུམ་པ།

སྒྲོལ་མ་འཚོ་འབྲིང་བ། དམའ་གཉིས་འཛིན་གྲྭ་དྲུག་པ།





བཞི་པ། མཇུག་གི་རེ་ཞུ།


      མདོར་ན། ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་ལ།ཡིག་གཟུགས་དགེ་རྒན་འཇིགས་བྱེད་སྐྱབས་དང་སློབ་སྐོར་གྱི་ཚན་གཙོ་ཆོས་སྐྱོང་སྐྱབས་རྣམ་གཉིས་ཀྱིས་གཙོ་འགན་འཁུར་ཏེ།བསྟུད་མར་དགོང་ཚོགས་གསུམ་གྱི་དུས་ཚོད་བློས་བཏང་སྟེ་རྗེས་འདེད་དང་མཛུབ་སྟོན་གང་ལེགས་བྱས་པ་དང་། དེར་འཛིན་བདག་རྣམས་དང་སློབ་སྐོར་གྱི་བསླབ་ཚན་དགེ་རྒན་ཡོངས་ཀྱིས་རང་མོས་སྒོས་ཞལ་འདེབས་ཕུལ་བས། མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པ་ཞིག་བྱུང་བ་རེད།




        ད་རེ་བྱ་དགའ་ཐོབ་པའི་སློབ་གྲོགས་རྣམས་གཙོ་བྱས་རང་རེའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དགའ་ཞེན་ཡོད་པའི་སློབ་གྲོགས་ཀུན་གྱིས་མུ་མཐུད་དུ། འབད་པ་ཆེན་པོས་ཡིག་གཟུགས་འབྲི་སྦྱོང་བྱས་ཏེ་མ་འོངས་བོད་ལ་ཡིག་མཁན་སྔར་ལས་མང་བ་ཞིག་འབྱུང་བའི་རེ་བ་སྙིང་ལ་བཅངས་ཡོད་དོ།།







རྩོམ་ཁུངས། ལང་ཚོའི་གོམ་སྟབས་སྤྱི་སྟེགས།   

གཙོ་སྒྲུབ། ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་།

འགན་སྒྲུབ། དམའ་གཉིས་སློབ་སྐོར།         

གསར་འགོད་པ།   བདེན་འཚོལ།             

སྒྲིག་སྦྱོར། རྟ་མགྲིན་མགོན་པོ།