收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སློབ་མའི་ཆེད་དུ་བྱེད་སྒོ་འདི་འདྲ་སྤེལ་བཞིན་ཡོད།

 二维码 3374
发表时间:2020-07-21 11:18作者:དཀའ་ཐུབ་ཚེ་རིང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


སློབ་མའི་ཆེད་དུ་བྱེད་སྒོ་འདི་འདྲ་སྤེལ་བཞིན་ཡོད།

-------རྨ་ཆུ་རྫོང་རྒྱུན་སྡོད་བོད་རིགས་སློབ་ཆུང་གིས་དགེ་རྒན་གྱི་ཡིག་གཟུགས་འགྲན་སྡུར་བྱ་འགུལ་སྤེལ་བ།



玛曲寄宿制小学 (2).jpg


       སྤྱི་ལོ་༢༠༡༩ལོའི་ཟླ་༩བར་རྨ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་སློབ་གསོའི་དར་རྒྱས་དང་བྱིས་པའི་དགོས་མཁོ་ལ་དམིགས་ནས།ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དང་དྲུང་ཡིག་སྨོན་ལམ་མཆོག་གི་དངོས་སློབ་སངས་རྒྱས་བཀྲ་ཤིས་མཆོག་གི་སློབ་བུ་དཀའ་ཐུབ་ཚེ་རིང་ཡིག་གཟུགས་དགེ་རྒན་ལ་གདན་ཞུས་གནང་བ་ལྟར།སློབ་སྐབས་གཉིས་རིང་སློབ་གྲྭའི་བོད་སྐད་ཡིག་དགེ་རྒན་དང་གྲངས་རིག་དགེ་རྒན་ཡོངས་ལ་སྨོན་ལམ་ཕྱག་རྒྱུན་གྱི་དབུ་ཅན་འབྲི་སྟངས་ལ་གསོ་སྦྱོང་འཛིན་གྲྭ་བསྒྲུབས།



玛曲寄宿制小学 (3).jpg


       སྤྱི་ལོ་༢༠༢༠ལོའི་ཟླ་༧པའི་ཚེས་༡༥ཉིན་སློབ་གྲྭའི་འགོ་ཁྲིད་ཀྱིརྒྱུན་མཐུད་རིང་བཞིན་གྱི་སློབ་གསོའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ།སློབ་གྲྭའི་ཚོགས་འདུ་ཁང་ནས་བོད་ཡིག་ཡིག་གཟུགས་ཀྱི་འགྲན་སྡུར་གྱི་བྱེད་སྒོ་སྤེལ།


玛曲寄宿制小学 (1).png玛曲寄宿制小学 (2).png


ཐེངས་འདིར་ཡིག་གཟུགས་གསོ་སྦྱོང་ལ་ཞུགས་པའི་དགེ་རྒན་༤༢འགྲན་སྡུར་ལ་ཞུགས་པ་དང་། རྫོང་སློབ་གསོ་དང་ཚན་རིག་ལག་རྩལ་ཅུས་ཀྱི་རྒན་ཆོས་སྐྱོང་ཚེ་རིང་དང་མགོན་པོ་སྐྱབས།རྨ་ཆུ་རྫོང་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་སྐྱོང་སྐྱབས།སློབ་གྲྭའི་དགེ་རྒན་བསོད་ནམས་དར་རྒྱས།སློབ་གྲྭའི་ཡིག་གཟུགས་དགེ་རྒན་དཀའ་ཚེ་རིང་བཅས་བརྩམས་ཆོས་དཔྱད་འདེམས་དགེ་རྒན་ཡིན།



玛曲寄宿制小学 (1).jpg



      སྤྱི་ལོ་༢༠༢༠ལོའི་ཟླ་༧པའི་ཚེས་༢༡ཉིན་བྱ་འགུལ་ཀྱི་འཆར་གཞི་ལྟར་ལོ་འདིའི་གསོ་སྦྱོང་འཛིན་གྲྭའི་སྤྱི་སྡོམ་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ་དང་།བོད་ཀྱི་ཡིག་གཟུགས་གསོ་སྦྱོང་དང་སྤྱི་སྡོམ་འགྲར་སྡུར་ཁྲོད་ཀྱི་ཕུལ་བྱུང་ཡིག་གཟུགས་པ་མི་སྣ་བཅུ་ལ་བྱ་དགའི་གཟེངས་རྟགས་བསྩལ།