设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀླུ་སྟོད་སངས་རྒྱས་རྒྱ་མཚོའི་ཡིག་གཟུགས་འགྲེམ་སྟོན།

 二维码 4826
发表时间:2020-06-20 18:52作者:ཀླུ་སྟོད་སངས་རྒྱས་རྒྱ་མཚོ来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


ཀླུ་སྟོད་སངས་རྒྱས་རྒྱ་མཚོ།



桑吉加措作品展 (5).jpg


       ཀླུ་སྟོད་སངས་རྒྱས་རྒྱ་མཚོ༼   སྨྱུག་མིང་ལ་འོད་སྨྱུག༽   ནི་སྤྱི་ལོ༡༩༩༧ལོར་མདོ་སྨད་ཀླུ་སྟོད་ཟམ་ཚ་ལོ་ཙོ་སྡེ་བ་རུ་སྐྱེས། ཆུང་ངུའི་དུས་ནས་དྲིན་ཕ་མའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རི་མོ་དང་ཡིག་གཟུགས་འབྲི་སྦྱོང་ལ་དགའ། སྤྱི་ལོ་༢༠༠༣ལོའི་དཔྱིད་ཀར་ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་ལྟེ་བའི་སློབ་ཆུང་ནས་ཀ་ཁའི་དབྱངས་རྟ་ཐོག་མར་གྱེར།སྤྱི་ལོ༢༠༡༠ལོར་རང་ཡུལ་གྱི་སློབ་ཆུང་ནས་སློབ་མཐར་ཕྱིན། སྤྱི་ལོ༢༠༡༠ལོ་ནས་སྤྱི་ལོ་༢༠༡༦ལོའི་བར་མི་ལོ་དྲུག་གི་རིང་ལ་ཀླུ་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་དགེ་རྒན་བཀའ་དྲིན་ཅན་བླ་མ་སྐྱབས་ཀྱི་དྲུང་ནས་རི་མོ་འབྲི་བའི་དབུ་ཁྱུད་བྲིས། སྤྱི་ལོ༢༠༡༦ལོར་སློབ་མཐར་ཕྱིན་པ་དང་ཆབས་ཅིག་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་འཕྲོད། ༢༠༡༦ལོར་ཞིང་ཆེན་རིམ་པའི་ལྷ་བཟོ་མཁན་ནམ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤ་བོ་ཚེ་རིང་དང་དགེ་རྒན་ཆེན་མོ་པད་གོ   དགེ་རྒན་ཆེན་མོ་གཞོན་པ་ཡོ་ཆེ་ཤ་བོ་དོན་འགྲུབ།   དགེན་སྣང་རྭའི་པདྨ་རིག་འཛིན། དགེན་དཀོན་མཆོག་ཉི་མ།   དགེན་དཀོན་མཆོག་སྐྱབས་སོགས་ཀྱི་དྲུང་ནས་ལོ་ངོ་བཞིའི་རིང་ཐང་ག་འབྲི་སྦྱོང་དང་ཐང་གའི་གཞུང་ལུགས་སོགས་ལ་སྦྱང་བ་མི་དམན་པ་བྱས།

      ཞོར་དུ་སྤྱི་ལོ༢༠༡༧ལོར་ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོའམ་ཡིག་མཁན་རྟ་མགྲིན་མགོན་པོ་དང་ཡིག་མཁན་ཨ་སྨྱོན་སྐལ་བཟང་ཚེ་བརྟན་སོགས་དགེ་རྒན་ལ་བསྟེན་ནས་ཡིག་གཟུགས་འབྲི་སྦྱོང་ལ་སྦྱངས་པ་ལྷུར་ལེན་བྱས།མི་ལོ་དུ་མའི་རིང་དུ་དྲིན་ཆེན་ཕ་མའི་བྱམས་བརྩེ་དང་དགེ་རྒན་དམ་པའི་བསླབ་བྱ་སེམས་སུ་བཟུང་ནས་ཡིག་གཟུགས་དང་རི་མོ།ཐང་ག་འབྲི་སྦྱངས་ལ་བརྩོན་འགྲུས་ཀྱི་རྟ་ཕོ་རིག་པའི་ལྕགས་ཀྱིས་སྐུལ་ནས་རང་གི་དགའ་ཕྱོགས་ནི་རང་གི་ཚེ་ནོམ་དུ་རློམ་ནས་སྐྱིད་ལ་སྡུག་པའི་འཚོ་བའི་མངར་སྐྱུར་ཁ་གསུམ་ལ་གདོང་གཏད་ནས་ལམ་ལ་ཆས་པ་ཡིན།

      ༢༠༡༧ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཙུགས་ནས་ལོ་ངོ་གཉིས་ཀྱི་རིང་ཚོགས་གཙོའི་འགན་བཞེས། ༢༠༡༧རྒྱལ་ཡོངས་སློབ་ཆེན་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ།༡༠༡༩ལོར་རྒྱལ་ཡོངས་སློབ་ཆེན་པའི་ཐང་གའི་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ། ༢༠༡༩ལོར་རྒྱལ་ཁབ་ཀྱི་རྟིང་སྐུལ་བྱ་དགའ་དང་སློབ་རའི་གསུམ་བཟང་སློབ་མར་བདམས། གཞན་ཡང་ཞིང་ཆེན་དང་སློབ་གྲྭ་རིམ་པའི་བྱ་དགའ་ཉི་ཤུ་ལྷག་ཐོབ། ༢༠༡༩ལོར་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ལ་ཞུགས། ༢༠༢༠ལོར་ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ནང་ཞུགས།






桑吉加措作品展 (8).jpg



桑吉加措作品展 (2).jpg



桑吉加措作品展 (15).jpg




桑吉加措作品展 (7).jpg



桑吉加措作品展 (14).jpg



桑吉加措作品展 (9).jpg



桑吉加措作品展 (12).jpg




桑吉加措作品展 (10).jpg




桑吉加措作品展 (13).jpg



桑吉加措作品展 (11).jpg



桑吉加措作品展 (16).jpg



桑吉加措作品展 (17).jpg



桑吉加措作品展 (18).jpg


    桑吉加木,藏族,1997年出生于甘南藏族自治州碌曲县双岔镇村,小时候在父母的关怀和支持下培养了对画画和书法的兴趣,2003年就读于双岔镇中心学校,2010年小学毕业后,就读于碌曲县藏族中学,直至高中毕业,高中时跟随拉玛加老师学习绘画、书法、绘制唐卡等,2016年考入青海民族大学艺术学院,在省级唐卡大师和青海民族大学的艺术学院(教授)夏吾才让、伯果(教授)、夏吾端智(副教授)、完麻仁增(博士)、关却呼尼玛(教师)、关却杰(教师)、王怡潇(副教授)等的细心指导下进行全面学习书法、绘制唐卡等理论和实践的知识技能,大学四年的艺术生涯和教学实践过程中在传统的基础上不断进行创新、突破、完善。四年以来绘制的唐卡和书法作品较多,多次参展荣获省级和校级奖状,并在2017年成立青海民族大学藏文书法协会担任两年的会长。2017年第一届全国藏文书法研讨会上荣获学生作品展中二等奖。2018—2019年获得国家励志奖学金。2018—2019年校内三好学生奖学金,2019年第二届全国高校唐卡绘制大赛中获得综合组一等奖。另外获得过省级和校级的20多个奖项。2019年加入碌曲县美术书法家协会。2020年加入甘南州藏文书法家协会。



桑吉加措作品展 (1).jpg








桑吉加措作品展 (3).jpg






桑吉加措作品展 (6).jpg






桑吉加措作品展 (4).jpg