设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་བདམས་བཀོད།

 二维码 996
发表时间:2020-05-23 09:18作者:ལུང་སྔོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་པ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་བདམས་བཀོད།




       དྲ་ཚིགས་རྩོམ་སྒྲིག་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ༢༠༢༠ལོའི་ཟླ༥ཚེས་༡༧ཉིན་མགོ་ལོག་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་གི་ཡིག་གཟུགས་འཛིན་གྲྭའི་སློབ་བུ་དག་གིས་   ༼   སྐྱབས་རྗེ་མཁྱེན་བརྩེ་རིག་འཛིན་ཧཱུཾ་ཀར་རྡོ་རྗེའི་   ༽   གསུང་རྩོམ་ཕུན་སུམ་ཚོགས་པ་མིའི་རང་བཞིན་ལེགས་པར་བཤད་པ་དང་སློབ་མའི་བསླབ་བྱ་གཅེས་བཏུས་གཉིས་ལག་བྲིས་གྲུབ་པའི་མཛད་སྒོ་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ། བྱེད་སྒོའི་སྔ་རྗེས་སུ་ཕྱག་བརྩོམས་གནང་པའི་ཡིག་གཟུགས་བརྩམས་ཆོས་ལེགས་ཤོས་ཁག་ཅིག་ཆེད་དུ་འདིར་བཤམས་སྟོན་གཟིགས་འབུས་ཞུས་པ་གཤམ་ལྟར།


ཡིག་མཁན་དང་བརྩམས་ཆོས་འོས་སྦྱོར།

          འཇམ་དབྱངས་ནོར་བུ་ལགས་ནི་༡༩༩༡ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གོང་མ་སྟོད་མ་ཡུལ་ཚོའི་ལུང་ཡག་སྡེ་བར་སྐྱེས།རང་ལོ་བཅུ་དྲུག་ཐོག་རབ་ཏུ་བྱུང་ཞིང་བཅོ་བརྒྱད་སྟེང་མགོ་ལོག་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་ཞུགས།ཉེར་གཅིག་ལ་སོན་སྐབས་སློབ་གླིང་དེ་གའི་རིག་གནས་བརྡ་སྤྲོད་དགེ་རྒན་བྱས།ཉེར་བཞིའི་ཐོག་དཔལ་ཡུལ་ལྷ་སྤྲུལ་གར་དབང་ཉི་མའི་དྲུང་དུ་དགེ་སློང་གི་སྡོམ་བ་ཞུས། ཉེར་དྲུག་ཐོག་ལུང་སྔོན་དགོན་པའི་སྐབས་ལྔ་བའི་ཕར་ཚད་རབ་འབྱམས་པའི་དམ་བཅའ་བཞགས།ཉེར་དགུའི་སྟེང་ཆོས་རིག་མཐོ་རིམ་སློབ་གླིང་གི་འགྲིག་བདག་གི་འགན་ཁུར། ད་ལྟ་སློབ་གླིང་དེ་གར་དགེ་རྒན་གྱི་ལས་ཀ་བྱེད་ཞོར་དཀར་ཟས་ཆེད་གླེང་ཚན་ཆུང་གི་གཙོ་སྐྱོང་བ་དང་།རྨ་ཆུའི་རླབས་ཕྲེང་ལོ་དེབ་ཀྱི་རྩོམ་སྒྲིག་པ་བྱེད་ཞོར་སྙན་རྩོམ་འགའ་རེ་འབྲི་བཞིན་སློབ་སྦྱོང་ཅི་ཐུབ་བྱེད་མུས་སུ་མཆིས།










       བསྟན་འཛིན་རྡོ་རྗེ་སྤྱི་ལོ་༢༠༠༡ལོར་མགོ་ལོག་པདྨ་རྫོང་མཁས་མལ་ཐང་དུ་སྐྱེས།   ༢༠༡༥ལོར་ལུང་སྔོན་དགོན་པར་ཞུགས་ཤིང་ད་ཆར་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད།   ཟིན་བྲིས་ཅུང་རེ་བྱས་པ་དང་ཟུར་སྦྱང་ཕྲན་བུ་རེ་བགྱིས་པ་ལས་ཆེད་དུ་ཡིག་གཟུགས་ལ་སྦྱང་བ་བྱས་པ་མེད།   ཉེ་ཆར་ཆོས་རིག་མཐོ་རིམ་སློབ་གླིང་གི་སློབ་བུ་དག་གིས་བསྐྲུན་པའི་ཡིག་གཟུགས་བྱ་འགུལ་ཁྲོད་དུ་ཁོ་བོས་ཀྱང་རྟེན་འབྲེལ་གྱི་དོད་ཙམ་བྲིས་པ་ལགས།








           ཆོས་མིང་། ཐུབ་བསྟན་འཕྲིན་ལས་རྒྱ་མཚོ།    དྲ་མིང་།   ནས་རྡོག    ལྕགས་ཕོ་འབྲུག་གི་ལོའི་བོད་ཟླ་བཅུ་གཉིས་པའི་གནམ་གང་དང་ཕྱི་ལོ 2000.03.15 མགོ་ལོག་རྨ་ཆེན་གྱི་གཡང་ར་ལྷ་སྡེ་རུ་འབོད་པ་དེར་སྐྱེས།   2010ལོར་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས། སློབ་གླིང་ནས་འབྲས་རབ་འབྱམས་པ་མཁན་ཆེན་པདྨ་རས་པ་སོགས་ཀྱི་མདུན་ནས་ཐུན་མིན་རིག་གནས་ཕར་ཚད་དབུ་གསུམ་སོགས་ལ་གཙོར་སྦྱང་དང་ཐུན་མོང་རིག་གནས་སུམ་དག་རྟགས་གསུམ་སོགས་ལ་ཟུར་སྦྱང་བྱས།   2019 ལོའི་ཟླ 10 བར་གསར་དུ་ཚུགས་རིང་གི་འབྲི་གཟུགས་ལ་སྦྱང་བ་བྱེད་འགོ་བརྩམས།   ད་ལྟ་མགོ་ལོག་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་མུས་སུ་ཡོད།















            དངོས་མིང་།   ཁྱུང་དྲག   དྲྭ་མིང་།   གངས་འོད་ཐིག   ཡུལ།   གངས་ལུང་། ལོ་བརྒྱད་ཀྱི་སྟེང་ནས་སློབ་ཆུང་འགྲིམས།   སློབ་ཆུང་མཐར་ཕྱིན་རྗེས་སུ་ལུང་སྔོན་དགོན་ཐུབ་བསྟན་ཆོས་འཁོར་གླིང་ནས་རབ་བྱུང་གི་སྡོམ་པ་བླངས། རྗེས་སོར་ཆོས་རིག་མཐོ་རིམ་སློབ་གླིང་ཞུགས་ནས་རིག་པའི་གནས་ལྔ་ལ་འཇུག་བཞིན་ཡོད།









          དངོས་མིང་།   བསྟན་པ་དར་རྒྱས།   དྲ་མིང་།    མདུན་འཚོལ་བ།   ཕ་ཡུལ།   མགོ་ལོག་དགའ་བདེ།    སྤྱི་ལོ་2015ལོར་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་ཞུགས།    དེ་ནས2018ལོར་དགེ་རྒན་སྐལ་བཟང་འཇིགས་མེད་ཀྱི་མདུན་ནས་ཚུགས་རིང་སློབ་འགོ་བརྩམས།    2019ལོར་ཐོག་མས་ཡིག་གཟུགས་འགྲེམ་སྟོན་ལ་ཞུགས།










        དངོས་མིང་། བསམ་གཏན་རྡོ་རྗེ།   དྲ་མིང་། དམར་སེར།   ཕ་ཡུལ། མགོ་ལོག་དགའ་བདེ། སྤྱི་ལོ༢༠༡༣ལོའི་ཟླ་བ༩ཚེས༡༥ཉིན་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས།   ༢༠༡༩ལོ་ཟླ༡ཚེས༡༣ཉིན་དགེ་རྒན་སྐལ་བཟང་འཇིགས་མེད་ཀྱི་མདུན་ནས་ཡིག་གཟུགས་ལ་སློབ་སྦྱོང་བྱེད་འགོ་བརྩམས།   ༠༡༩ལོའི་ཟླ་༤བའི་ཚེས་༣༠ཉིན་ཆེས་ཐོག་མའི་ཡིག་གཟུགས་འགྲེམ་སྟོན་ལ་ཞུགས།










          མིང་ལ་རིན་ཆེན་ཚེ་རིང་ཟེར། ཕྱི་ལོ་༡༩༩༥ལོར་མགོ་ལོག་རྨ་སྟོད་དུ་སྐྱེས། ལོ་བརྒྱད་ནས་རང་རྫོང་གི་བོད་ཡིག་སློབ་འབྲིང་དུ་སློབ་གྲྭར་འགྲིམ་འགོ་བརྩམས། ལོ་བཅུ་གཉིས་ནས་ལུང་སྔོན་དགོན་ནང་བསྟན་སློབ་གླིང་དུ་ཞུགས་ནས་ནང་བསྟན་སློབ་གཉེར་བྱེད་འགོ་ཚུགས། ད་ལྟ་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་མཆིས།










       དངོས་མིང་།   བསྟན་སྲུང་། མགོ་ལོག་དགའ་བདེ་རུ་སྐྱེས།   ཆུང་དུས་ནས་ལུང་སྔོན་དགོན་པར་རབ་ཏུ་བྱུང་། དགོན་པའི་ཆོས་ཚན་གྱི་རིམ་པ་རྣམས་ལེགས་པར་གྲུབ་རྗེས་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་ཞུགས། ཐུན་མོང་རིག་གནས་དང་། བློ་རྟགས་བསྡུས་གསུམ་དང་། གྲུབ་དོན་ས་གསུམ། ཕར་ཕྱིན།   དབུ་མ་སོགས་ཐུན་མིན་ནང་བསྟན་གྱི་སྐོར་རྣམས་ཞུ་བའི་སྐལ་བཟང་མངོན་པར་ཤར་ཡོད།











      དངོས་མིང་། རིག་འཛིན་ཀློང་ཡངས།   མིང་གཞན་ལ། ཝ་ལ་ཡ། 1999 ལོར་མགོ་ལོག་དགའ་བདེ་རུ་སྐྱེས།   ཆུང་དུས་ནས་ལུང་སྔོན་དགོན་པར་རབ་ཏུ་བྱུང་། དགོན་པའི་ཆོས་ཚན་གྱི་རིམ་པ་རྣམས་ལེགས་པར་གྲུབ་རྗེས་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་ཞུགས། དེ་གར་བྲིས་སུམ་རྟགས་དག་གསུམ་དང་། ལོ་རྒྱུས། སྙན་ངག་སོགས་ཐུན་མོང་རིག་གནས་དང་། བློ་རྟགས་བསྡུས་གསུམ་དང་། གྲུབ་དོན་ས་གསུམ། ཕར་ཕྱིན་ཟུར་བཀོད་སོགས་ཐུན་མིན་ནང་བསྟན་གྱི་སྐོར་རྣམས་ཞུ་བའི་སྐལ་བཟང་མངོན་པར་བཞད། ད་ལྟ་སློབ་གླིང་དེ་རུ་སློབ་སྦྱོང་བྱེད་བཞིན་ཡོད།








       རྗེ་བོ་ལོག་ལོག་གམ་དགེ་རྩེ་སྤྲུལ་མིང་བ་པདྨ་བདུད་འདུལ་ནི་༡༩༩༩ལོའི་ཟླ ༡ཚེས༢ཉིན་མགོ་ལོག་ཏུ་སྐྱེས།༢༠༡༤ལོ་ནས་ད་ལྟའི་བར་མགོ་ལོག་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་དཔེ་ཀློག་བྱེད་ཀྱིན་ཡོད།༢༠༡༧ལོ་ནས་གསར་དུ་ཡིག་གཟུགས་ལ་སྦྱངས་བ་བྱས།༢༠༢༠ལོའི་ཟླ་༡ཚེས༡༠ཉིན་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་གི་ཆེས་ཐོག་མའི་མི་སྒེར་ཡིག་གཟུགས་འགྲེམ་སྟོན་མཛད་སྒོ་སྤེལ།













      དངོས་མིང་བསོད་ནམས་བཀྲ་ཤིས།    ཕ་ཡུལ་རྨ་སྟོད།   ༢༠༡༨ལོར་ཆོས་རིག་མཐོ་རིམ་སློབ་གླིང་དུ་ཞུགས།   ཡིག་གཟུགས་གསར་དུ་འབྲི་སྦྱོང་བྱེད་བཞིན་ཡོད།













        དངོས་མིང་།    ངག་དབང་བཀྲ་ཤིས།     དྲ་མིང་།   འོད་ལམ།      སྤྱི་ལོ་༢༠༡༩ ལོའི་ཟླ༡༠བའི་ཚེས༣ཉིན་ཡིག་གཟུགས་ལ་སློབ་སྦྱོང་བྱེད་འགོ་བརྩམས།       མགོ་ལོག་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་ནང་བསྟན་སློབ་གླིང་དུ་༼ཡིག་གཟུགས་ཀྱི་ཨང་རིམ་དང་པོའི་གཟེངས་རྟགས་༽ཐོབ་༢༠༢༠ལོའི་ཟླ༥བའི་ཚེས༡༦ཉིན་ཆེས་ཐོག་མའི་ཡིག་གཟུགས་འགྲེམ་སྟོན་ལ་ཞུགས་པ་ཡིན།










ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

རྩོམ་སྒྲིག་པ། ཧེ་རམ་པ།

ཡིག་ཆ་མཁོ་འདོན། སྐལ་བཟང་འཇིགས་མེད།