收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

འབྲི་རུ་རྫོང་སློབ་ཆུང་གཉིས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་པ།

 二维码 628
发表时间:2020-05-18 11:46作者:འབྲི་རུ་རྫོང་སློབ་ཆུང་གཉིས་པ来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


འབྲི་རུ་རྫོང་སློབ་ཆུང་གཉིས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་པ།






དཔྱིད་ཀྱི་དཔལ་ཡོན་འཛིན་མའི་ཁྱོན་ལ་ཁྱབ་ཅིང་སྐྱེ་སྟོབས་ཀྱི་གསོན་ཤུགས་འབར་བའི་དུས་ཚིགས་འདིར།   ས་ཕྱོགས་གང་སར་དགའ་བདེའི་དཔལ་གྱིས་ཕྱུག་ཅིང་། སྐྱེ་འགྲོ་ཡོངས་ཀྱིས་རེ་བའི་ས་བོན་ལ་ལོ་ལེགས་ཀྱི་འབྲས་བཟང་ཐོབ་པར་ཡིད་ཆེས་ཀྱིས་ཁེངས་ཤིང་།   མ་འོངས་པའི་འཚོ་བར་སྔར་བས་རེ་སྨོན་དང་འབད་འབུངས་བཅངས་བཞིན་པའི་དུས་བཟང་འདིར་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་ཁྲི་ཡིད་ལ་བརྟན་པོར་འཆང་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཡང་དག་ཏང་གི་བླ་མེད་བཀའ་དྲིན་ལས་རྒྱལ་ཡོངས་མི་རིགས་ཁག་དབར་ཕན་ཚུན་མཛའ་བརྩེའི་འོ་ཆུ་གཅིག་ཏུ་འདྲེས་ཤིང་། མི་རིགས་ཁག་གི་འཚོ་བ་དང་རིག་གནས། སློབ་གསོ་བཅས་ཁྱོན་ཡོངས་ནས་ཡར་ངོའི་ཟླ་ལ་འགྲན་པའི་དུས་བཟང་འདིར་ངེད་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སློབ་ཆུང་གཉིས་པས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་ལྔ་གཅིག་ངལ་རྩོལ་དུས་ཆེན་ལ་བསུ་བ་ཞུ་བའི་དགེ་སློབ་ཀྱི་ཡིག་གཟུགས་བརྩམས་བྱ་འགྲེམས་སྟོན་བྱེད་སྒོ་ཟླ་བཞི་པའི་ཚེས་སུམ་ཅུའི་ཉིན་རང་སློབ་གྲྭའི་ལག་རྩེད་སྤོ་ལོའི་ཁང་དུ་སྤེལ་བ་རེད།




      དང་ཐོག་ངེད་སློབ་གྲྭའི་སློབ་སྤྱི་བསམ་གྲུབ་རྡོ་རྗེ་དང་ཧྲུའུ་ཅི་སྐྱིད་གྲུབ། སློབ་སྤྱི་གཞོན་པ་ཚེ་དབང་དོན་གྲུབ་དང་སྤེན་པ་ཚེ་རིང་། དེ་བཞིན་སློབ་དོན་ཁང་གི་འགན་ཁུར་མི་སྣ་བཅས་ཀྱིས་ད་ཐེངས་ཀྱི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་སློབ་མ་ཡོངས་ལ་བཀྲ་ཤིས་མཇལ་དར་བསྒྲོན་ནས་བྱ་དགའ་ཕུལ་བ་མ་ཟད།   སློབ་སྤྱི་བསམ་གྲུབ་རྡོ་རྗེས་སློབ་མ་ཚོར་ཡིག་གཟུགས་དུས་ཆེན་དང་འབྲེལ་ནས་གསུང་བཤད་གནང་བ་དང་། མ་འོངས་པར་སློབ་མ་ཚང་མས་བོད་ཡིག་ཡིག་གཟུགས་ཙམ་མ་ཟད་ཁྱོན་ཡོངས་ནས་ཤེས་བྱ་ཁག་ལ་འབད་པ་ལྷོད་མེད་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་བཟང་པོ་ཞིག་ཏུ་འགྱུར་བ་བྱ་དགོས་པའི་གལ་ཆེའི་བཀའ་སློབ་གནང་བ་རེད།






ད་ཐེངས་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་སློབ་མར་བྱ་དགའ་སྤྲོད་བཞིན་པ།






ལྗོངས་ཡིག་གཟུགས་མཁས་པའི་ཡིག་མཁན་བསྟན་འཛིན་ལགས་ཀྱི་ཕྱག་བྲིས།



ལྗོངས་ཡིག་གཟུགས་མཁས་པའི་ཡིག་མཁན་མཛུབ་སྨྱོན་ལྷག་པ་ཚེ་རིང་ལགས་ཀྱི་ཕྱག་བྲིས





ལྗོངས་ཡིག་གཟུགས་མཁས་པའི་ཡིག་མཁན་རྣམ་རྒྱལ་དབང་གྲགས་ལགས་ཀྱི་ཕྱག་བྲིས།





ལྗོངས་ཡིག་གཟུགས་མཁས་པའི་ཡིག་མཁན་གཅུང་བསླབ་གསུམ་ལགས་ཀྱི་ཕྱག་བྲིས།





ཉིང་ཁྲི་གྲོང་ཁྱེར་ཡིག་གཟུགས་མཁས་པའི་ཡིག་མཁན་སྙེ་གཡུང་དྲུང་ལགས་ཀྱི་ཕྱག་བྲིས།



       ད་ཐེངས་ཀྱི་དགེ་སློབ་ཡིག་གཟུགས་འགྲན་བསྡུར་ལ་སློབ་དོན་ཁང་གི་སྣེ་ཁྲིད་འོག་ངེད་སློབ་གྲྭའི་གཡག་གུ་སྒྱུ་རྩལ་གླིང་བོད་ཡིག་ཡིག་གཟུགས་འཛིན་གྲྭའི་འགན་འཁུར་བ་རྒན་ཐོ་ཤར་བུ།   རྒན་སྐལ་བུ་བསྟན་འཛིན།   རྒན་ཚེ་བརྟན་བཟང་མོ་བཅས་ཀྱིས་ཐོག་མཐའ་བར་གསུམ་གྱི་དཔྱད་འདེམས་དང་གཙོ་བོའི་འགན་འཁུར་གནང་བ་རེད།    སློབ་མའི་ཡིག་གཟུགས་བརྩམས་བྱ་གསུམ་བརྒྱ་ལྷག་གི་ནང་ནས་ཐེངས་མང་དཔྱད་འདེམས་བྱས་པ་བརྒྱུད་ཁྱོན་བརྩམས་བྱ་བརྒྱ་དང་ཉི་བཤུ་ལྷག་ལ་བྱ་དགའ་ཐོབ་ཡོད།    དེ་ཡང་དམའ་རིམ་འཛིན་གྲྭ་དང་འབྲིང་རིམ་འཛིན་གྲྭ་མཐོ་རིམ་འཛིན་གྲྭ་བཅས་ཁག་གསུམ་དུ་དབྱེ་ནས་དམའ་རིམ་འཛིན་གྲྭ་ནས་རིམ་པ་དང་པོ་ནས་གསུམ་པ་བར་ཁྱོན་བརྩམས་བྱ་20ལྷག་དང་།    དམའ་རིམ་འཛིན་གྲྭ་ནས་རིམ་པ་དང་པོ་ནས་གསུམ་པ་བར་ཁྱོན་བརྩམས་བྱ་40ལྷག།    མཐོ་རིམ་འཛིན་གྲྭ་ནས་རིམ་པ་དང་པོ་ནས་གསུམ་པ་བར་ཁྱོན་བརྩམས་བྱ་60ལྷག་བཅས་ལ་བྱ་དགའ་ཐོབ་ཡོད་པ་རེད།




ངེད་སློབ་གྲྭའི་དགེ་མིང་ཙམ་འཛིན་པ་བསོད་ནམས་དོན་ལྡན་ནམ་སྨྱུག་མིང་ཐོ་ཤར་བུའི་ཡིག་གཟུགས།

(དགེ་ལྡན་ལེགས་བཤད་སྨི་37ཅན་མ། )




སློབ་གྲྭའི་དགེ་མིང་ཙམ་འཛིན་པ་ཚེ་བརྟན་བཟང་མོའམ་ནམ་སྨྱུག་མིང་སྤྲིན་གཤོག་ཐོགས་ཀྱི་ཡིག་གཟུགས།





ངེད་སློབ་གྲྭའི་དགེ་མིང་ཙམ་འཛིན་པ་བསྟན་འཛིན་ནམ་སྨྱུག་མིང་སྐལ་བུ་བསྟན་འཛིན་གྱི་ཡིག་གཟུགས







ངེད་སློབ་གྲྭའི་གཡག་གུ་སྒྱུ་རྩལ་གླིང་ཡིག་གཟུགས་འཛིན་གྲྭའི་ཕུལ་བྱུང་སློབ་མའི་བརྩམས་བྱ།





དགེ་རྒན་གྱི་ཡིག་གཟུགས་བརྩམས་བྱ།





དམའ་རིམ་འཛིན་གྲྭའི་ཡིག་གཟུགས་བརྩམས་བྱ།





འབྲིང་རིམ་འཛིན་གྲྭའི་ཡིག་གཟུགས་བརྩམས་བྱ།









མཐོ་རིམ་འཛིན་གྲའི་ཡིག་གཟུགས་བརྩམས་བྱ།









ལྗོངས་ཡིག་གཟུགས་མཁས་པའི་གཅུང་བསླབ་གསུམ་ནས་ས་ཡུལ་དངོས་སུ་སུག་བྲིས་གནང་བཞིན་པ།





མཇུག་ཏུ།   ལྗོངས་ཡིག་གཟུགས་མཁས་པའི་རྒན་གཅུང་བསླབ་གསུམ་དང་རང་སློབ་གྲྭའི་བོད་ཡིག་དགེ་རྒན་ཡོངས་ལྷན་དུ་དྲན་རྟེན་མཉམ་པར་བསྒྲོན་ནས་ད་ཐེངས་ཀྱི་ཡིག་གཟུགས་འགྲན་བསྡུར་དེ་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་བ་མ་ཟད།   ད་ཐེངས་ཀྱི་བྱེད་སྒོ་འདི་བརྒྱུད་ནས་དགེ་སློབ་ཡོངས་ལ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དག་ལ་སྔར་བས་འབད་པ་ལྷུར་ལེན་དང་སྔར་སྲོལ་བཟང་པོ་མ་ཉམས་པར་རྒྱུན་འཛིན་གཏོང་རྒྱུའི་ཐད་ལ་སྐུལ་མ་ཆེན་པོ་ཐེབས་ཐུབ་པ་བྱུང་ཡོད།