དཔག་བསམ་ནོར་བུ།
བྲིས་པ་དཔག་བསམ་ནོར་བུ་ནི༡༩༩༧ལོར་གཡས་རུའི་ཆ་སྟོད་ཀྱི་གྲ་ཕུན་ཚོགས་དགེ་བའི་འབྱུང་གནས་ལྷོ་ཁ་གྲ་ནང་གི་ཡུལ་དུ་སྐྱེས། ཆུང་དུས་ནས་རང་སློབ་ཆུང་གི་བཤེས་གཉེན་མང་པོའི་ཤུགས་རྐྱེན་དང་བཀའ་སློབ་བཟང་པོའི་འོག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ལ་དགའ་མོས་དང་དང་ཞེན་ཇེ་ཆེ་ནས་ཇེ་ཆེར་འཕེལ་ཞིང་། ལྷག་པར་དེང་གི་ཆར་དྲྭ་ཐོག་ནས་མདོ་དབུས་ཁམས་གསུམ་གྱི་བཤེས་གཉེན་མང་པོའི་བཀའ་སློབ་དང་ཕྱག་རྒྱུན་སྤྱི་བོར་བཀུར་ཏེ་སློབ་ཞོར་གྱི་དུས་སུ་བྲིས་རྒྱུན་སྣ་ཚོགས་ལ་སྦྱངས་པ་བྱེད་མུས་ཡིན། ད་ལྟ་ཆར་ཁོ་པ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་འབྲོག་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་ཡོད།
|