འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སློབ་ཆུང་གིས་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་དུས་ཆེན་ལ་ཡིག་གཟུགས་འགྲེམས་སྟོན་གྱི་བྱ་འགུལ་སྤེལ།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་རྟེན་འབྲེལ་ཞུ་ཆེད་དང་མ་འོངས་བོད་སྐད་ཡིག་འདི་ཉིད་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་ཆེད། ཤག་ཆུ་སློབ་ཆུང་གི་སློབ་མ་༡༡༨༨ཙམ་ལ་ལེགས་བཤད་ཀྱི་ནང་དོན་དང་བྱིས་གསོ་ཁང་གི་སློབ་མ་༢༠༠ཙམ་ལ་དབྱངས་བཞི་གསལ་བྱེད་སུམ་ཅུའི་རྨང་གཞིར་བྱས་པའི་བརྩམས་ཆོས་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ་ལས།བརྩམས་ཆོས་ཁག་༤༠ལ་བྱ་དགའ་རིམ་པ་དང་པོ་དང་།བརྩམས་ཆོས་༦༠ལ་བྱ་དགའ་རིམ་པ་གཉིས་པ།བརྩམས་ཆོས་༨༠ལ་བྱ་དགའ་རིམ་པ་གསུམ་པ་ཐོབ།ད་ཐེངས་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་གྲས་སུ་སློབ་ཆུང་གི་སློབ་མ་༡༣༥དང་།བྱིས་གསོ་ཁང་གི་སློབ་མ་༤༥ལ་བྱ་དགའ་ཐོབ་ཡོད།ད་དུང་བྱེད་སྒོར་ཞུགས་མཁན་གྱི་ཁྱིམ་བདག་རྣམ་པ་དང་བོད་ཡིག་ཚོགས་ཆུང་གི་དགེ་རྒན་རྣམ་པར་བྱ་དགའ་གནང་ཡོད།
འབྲི་རུ་རྫོང་ཤག་ཆུ་སློབ་ཆུང་ནས་༢༠༢༠ལོའི་སྤྱི་ཟླ་༤པའི་ཚེས་30ཉིན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཡིག་གཟུགས་འགྲན་བསྡུར་དང་འགྲེམས་སྟོན་གྱི་བྱ་འགུལ་ལས།དགེ་སློབ་ཚང་མས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་བྱུང་འཕེལ་དང་མཚོན་རྟགས་རྒྱུས་མངའ་བྱུང་བ་ཙམ་མ་ཟད།ཚང་མས་རང་རེའི་བོད་ཀྱི་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་ཐད་ལ་ངོས་འཛིན་བྱུང་བ་དང་། དགེ་སློབ་རྣམས་ཡིག་གཟུགས་ལ་དད་ཞེན་གྱི་བསམ་པ་གསོ་སྐྱོང་དང་ཡིག་གཟུགས་ཀྱི་རྨང་གཞི་འདིང་རྒྱུར་ནུས་པ་ཤུགས་ཆེན་ཐོན་ཡོད། །
ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགོད་པ། འབྲི་རུ་རྫོང་ཤག་ཆུ་
སློབ་ཆུང་གི་ཀུན་སློབ་
ཁྲུའུ་ནས།
རྩོམ་སྒྲིག་པ། འདི་ག་རྩོམ་སྒྲིག་ཁང་།
|