༄༅༎རྒྱ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་པདྨ་གསེར་བྲིས་གླིང་དུ་སྤེལ་བ།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཁྲིན་ཏུའུ་རུ་པདྨ་གསེར་བྲིས་གླིང་དུ་སྤེལ། ཝུན་ཅང་ཆས་རིག་གནས་ཡུལ་སྐོར་ཁང་གི་མགོ་གཙོ་གཞོན་པ་ལས་ཀྲོང་ཤེན། ཁམས་པ་བརྙན་འཕྲིན་ཁང་གི་མགོ་འཛིན་ཡེ་ཤེས་རྡོ་རྗེ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཚོགས་པའི་ཚོགས་གཙོ་གཞོན་པ་དགེ་མང་འཇམ་དཔལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་རྡོར། ཁམས་ཀྱི་ཡིག་གཟུགས་དང་ལྷ་རིས་པ་གྲགས་ཅན་མགོན་པོ་ཚེ་རིང་། བོད་ཀྱི་སྣུམ་ཚོན་རི་མོ་བ་གྲགས་ཅན་སྐལ་བཟང་ནོར་བུ། དགེ་རྒན་དཔལ་ལྡན་རྡོ་རྗེ། ངེད་གསེར་བྲིས་གླིང་གི་དགེ་རྒན་པདྨ་ཚུལ་ཁྲིམས། གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་འགན་འཛིན་གཞོན་པ་མཁན་བསོད་དར་སོགས་མཛད་སྒོར་ཞུགས། ཡིག་གཟུགས་ཐད་ཀྱི་བགྲོ་གླེང་ཚོགས་འདུ་དང་། ཡིག་གཟུགས་ངོ་སྤྲོད། ཡུལ་དངོས་སུ་ཡིག་གཟུགས་འབྲི་བ། གསེར་བྲིས་འབྲི་བ། མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་གྲགས་ཅན་མང་པོའི་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་མཛད་སྒོ་རིགས་མི་འདྲ་བ་མང་པོ་དང་། པདྨ་གསེར་བྲིས་གླིང་གི་གསེར་བྲིས་བརྩམས་ཆོས་མང་པོ་ཡུལ་དངོས་སུ་བཤམས་སྟོན་བྱེད་པའི་མཛད་སྒོ་གཟབ་རྒྱས་ངང་སྤེལ།
ཁམས་པ་བརྙན་འཕྲིན་ཁང་གི་མགོ་འཛིན་ཡེ་ཤེས་རྡོ་རྗེ།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཚོགས་པའི་ཚོགས་གཙོ་གཞོན་པ་དགེ་མང་འཇམ་དཔལ།
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དཔལ་རྡོར།
པད་མ་གསེར་བྲིས་གླིང་གི་དགེ་རྒན་པདྨ་ཚུལ་ཁྲིམས།
གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་འགན་འཛིན་གཞོན་པ་མཁན་བསོད་དར།
པདྨ་གསེར་བྲིས་གླིང་གི་འགན་འཛིན་པདྨ་ཚུལ་ཁྲིམས་ཀྱིས་བརྩམས་ཆོས་ཁག་ངོ་སྤྲོད་གནང་བཞིན་པ།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་བཤམ་སྟོན་དུ་སྤེལ་པའི་པད་མ་གསེར་བྲིས་གླིང་གི་ཐོན་རྫས།
ཡིག་གཟུགས་ཆེད་མཁས་རྣམས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
ཡིག་གཟུགས་ཆེད་མཁས་རྣམས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
ཡིག་གཟུགས་ཆེད་མཁས་རྣམས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
ཡིག་གཟུགས་ཆེད་མཁས་རྣམས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
པད་མ་གསེར་བྲིས་གླིང་གི་བྲིས་པ་རྣམས་ཀྱིས་ཡུལ་དངོས་སུ་ཡིག་གཟུགས་འབྲི་བཞིན་པ།
བྱེད་སྒོའི་སྐབས་ཀྱི་མཉམ་པར།
ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགོད་པ། ཚེ་བརྟན།
རྩོམ་སྒྲིག་པ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་།
|