༄༅། ། འབྲི་རུ་རྫོང་སློབ་ཆུང་དང་པོས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་པ།
ལོ་རེའི་སྤྱི་ཟླ་༤པའི་ཚེས་སུམ་ཅུ་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཡིན་པ་དང་།དེ་ནི་ཡིག་གཟུགས་རིག་གནས་ལ་དགའ་མོས་ཡོད་པའི་ཡིག་མཁན་ཚོའི་དུས་ཆེན་ཡང་ཡིན།ད་ལོ་2020ལོར་དམིགས་བསལ་གྱི་ཏོག་དབྱིབས་རིམས་ནད་གྱི་རྐྱེན་པས་རྒྱ་ཆེའི་འདུ་འཛོམས་དེ་ཙམ་མེད་ནའང་། དེའི་ཉིིན་མོར་ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་གཙོ་དོན་ལག་ལེན་དུ་བྱས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཚ་ཚ་འུར་འུར་ངང་སྤེལ་ཡོད།
དེ་ཡང་ད་རེས་ཀྱི་འགྲེམ་སྟོན་ཐོག་འབྲི་རུ་སློབ་ཆུང་དང་པོའི་སློབ་མ་ཉིས་སྟོང་ལྷག་གི་ཡིག་གཟུགས་དང་དགེ་རྒན་མང་ཆེ་བས་བརྩམས་བྱ་རེ་དྲྭ་ལམ་ནས་སྤྱན་འབུལ་ཞུས་ཡོད། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་བྱས་པ་རྒྱུད།ཡི་གེ་ནི་ཤེས་རབ་ཅན་གྱི་མེས་པོ་དག་གིས་ངོ་མཚར་གྱི་གསར་གཏོད་བགྱིས་པའི་འབྲས་བུ་དང་། རྗེས་རབས་པ་ཚོར་བཞག་པའི་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ཞིག་ཡིན་པ་ངོ་སྤྲོད་མདོར་བསྡུས་བྱས་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་དང་བསམ་པའི་ཁྱད་ནོར་ཡིན་པའི་ངེས་ཤེས་སྐྱེས་ཐུབ་པ་བྱུང་ཡོད།
༡ ལོ་རིམ་དང་པོའི་འཛིན་གྲྭ་ཁག་གི་མཉམ་པར་དང་ཡིག་གཟུགས་བརྩམས་ཆོས།
|