收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭའི་ཆེད་སྒྲིག་གཉིས་པ།

 二维码 6661
发表时间:2020-05-01 22:03作者:གསོ་སྦྱོང་འཛིན་གྲྭས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭའི་ཡིག་གཟུགས་ཆེད་སྒྲིག



ཡིག་གཟུགས་པ་སྐལ་བཟང་ཉི་མ།


10-0.jpg


       ངའི་མིང་ལ་སྐལ་བཟང་ཉི་མ་ཟེར་ཞིང་པིར་མིང་ལ་རྣོ་མྱུར་དུ་འབོད། སྤྱི་ལོ་༡༩༩༦ལོར་རྒྱལ་མོ་ཚ་བ་རོང་ཆུ་ཆེན་རྫོང་ཨ་ཁོ་རིས་ཡུལ་ཚོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་ཆུང་དུས་ནས་བཟུང་སློབ་གྲྭར་འགྲིམ་པའི་སྐལ་བ་མེད་ཀྱང་རྗེས་སུ་རིམ་བཞིན་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་འགྲིམ་ཁུལ་བྱས་ཏེ་ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ངེས་དོན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ལགས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབུངས་ཀྱིན་ཡོད།   དེ་ཡང་རང་ཉིད་ཀྱི་དགའ་ཕྱོགས་ལ་ཡིག་གཟུགས་དང་རོལ་མོ་སོགས་ཡོད་ཅིང་།   རང་གི་ཕུགས་འདུན་ཡང་རང་གི་ཕ་ཡུལ་སྟེ་ཤར་རྒྱལ་མོ་ཚ་བ་རོང་གི་དམངས་ཁྲོད་དུ་མགོ་ལོག་སྡེར་ནང་ས་བྲིས་ཀྱིས་མཚོན་བོད་ཀྱི་ཡིག་གཟུགས་གཞན་དང་གཞན་དག་དར་ཁྱབ་ཏུ་གཏོང་བ་དང་།   དེ་བས་ཀྱང་ཕྱི་ནང་ཀུན་ལ་ང་ཚོའི་རིག་གཞུང་གི་རིན་ཐང་དང་རིག་གཞུང་འདི་ལྟ་བུ་ཉམས་ཞིག་ཏུ་འགྲོ་མི་ཉན་ཅིང་དགོས་མཁོའི་རང་བཞིན་ཅན་དུ་ཤེས་སུ་འཇུག་པ་ནི་རེ་བའི་རེ་བ་རུ་བརྩི་བཞིན་མཆིས་སོ།   །



10-1.jpg



10-2.jpg



10-3.jpg



10-4.jpg


10-5.jpg



10-6.jpg







ཡིག་གཟུགས་པ་རིག་དར

11-0.jpg


      ངའི་མིང་ལ་རིག་དར་ཟེར།        སྤྱི་ལོ་༢༠༠༠ལོའི་༨པའི་ཚེས་༢༧ཉིན་མགོ་ལོག་པད་མ་གྱི་ལུང་སྡེ་བ་རུ་སྐྱེས།   རིམ་བཞིན་སློབ་ཆུང་དང་དམའ་འབྲིང་།   མཐོ་འབྲིང་དག་འགྲིམ་ནས་ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ངེས་དོན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་སྦྱང་བ་ཅུང་ཙམ་བྱེད་ཀྱིན་གདའོ།   །


11-1.jpg


11-3.jpg





ཡིག་གཟུགས་པ་འཇམ་པོ།

12-0.jpg


            ངའི་མིང་ལ་དྷེ་ཝ་ཟེར་ཞིང་པིར་མིང་ལ་སྐྲ་ལོ་རུ་འབོད།   སྤྱི་ལོ་༡༩༩༦ལོར་མགོ་ལོག་པདྨའི་གྱི་ལུང་སྡེ་བ་རུ་སྐྱེས།    རིམ་གྱིས་སློབ་གྲྭ་ཆུང་འབྲིང་སོགས་འགྲིམ་སྟེ་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་རྗེས་སུ་སྙེགས་ཏེ་ལམ་ཁ་གསར་བ་ཞིག་ཏུ་ཞུགས་མགོ་བརྩམས།ད་ལྟ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ངེས་དོན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་རྒན་སེང་གེ་དར་རྒྱས་ལགས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབད་ཀྱིན་ཡོད་ལ།   ཅི་ནུས་ཀྱིས་མི་རིགས་ལ་ཞབས་འདེགས་ཅུང་ཙམ་ཞུ་འཆར་མཆིས་སོ།   །


12-1.jpg



12-2.jpg







ཡིག་གཟུགས་མ་སྒྲོན་པེ

13-0.jpg


         སྒྲོན་པེའམ་པིར་མིང་ལ་སེང་མོ་འབོད་པ་ནི།༡༩༩༠ནང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་རོང་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་། མཐོ་འབྲིང་ནས་བཟུང་རང་ཉིད་ཀྱི་དགའ་ཕྱོགས་ལྟར་ཡིག་གཟུགས་གི་ཕྱོགས་ལ་འབད་པ་བྱས།༢༠༡༨   ༢༠༡༩ལོར་མགོ་ལོག་བཅུ་ཕྲག་རིག་མཛོད་སློབ་གླིང་ངམ་རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲ་ནས་ཡིག་གཟུགས་ཀྱི་བྱ་དགའ་རེ་ཐོབ།༢༠༡༩ལོར་གཅིག་སྒྲིལ་རྫོང་སློབ་གྲ་ཆུང་འབྲིང་གི་ཡིག་གཟུགས་འགྲན་སྡུར་ཞིག་སྤེལ་བས་ཨང་དང་པོ་ཐོབ། སློབ་ཆེན་མཐར་ཕྱིན་རྗེས་༢༠༡༩ལོའི་ཟླ་བ་༡༠བར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲར་ཞུགས་ཏེ་ངེས་དོན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཡིག་མཁན་རྒན་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབུངས་ཀྱིན་ཡོད།


13-1.jpg



13-2.jpg



13-3.jpg





ཡིག་གཟུགས་མ་ནོར་བུ་མཚོ

14-0.jpg



            ནོར་བུ་མཚོ་ནི་༢༠༠༠ལོར་མཚོ་སྔོན་མགོ་ལོག་གི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། མཐོ་འབྲིང་གི་སྐབས་སུ་སྐབས་ལྔ་བའི་ཡིག་གཟུགས་བྲིས་རྒྱུགས་ཁྲོད་ཕུལ་བྱུང་བྱ་དགའི་རྟགས་མ་ཐོབ། མཐར་ཕྱིན་རྗེས་ཏེ་༢༠༡༨ལོའི་ཟླ་༡༠པར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་ངེས་དོན་གྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་དགེན་དམ་པ་སེང་གེ་དར་རྒྱས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་ཡིག་ཆེན་དང་ཡིག་ཆུང་འབྲུ་ཚ་བཅས་སློབ་མགོ་བརྩམས་ལ་གཞན་དབུ་ཅན་སྨོན་ལམ་རྒྱ་མཚོའི་ཡིག་རྒྱུན་དང་གཞུང་བྲིས་སོགས་ལ་ཡང་ཅི་ནུས་ཀྱིས་འབུངས་ཀྱིན་ཡོད།


14-2.jpg



14-1.jpg



14-3.jpg






ཡིག་གཟུགས་པ་ཤེར་སྐྱབས


15-0.jpg


           དངོས་མིང་ཤེར་སྐྱབས་སམ་པིར་མིང་ལ་ཁྲ་མྱི་རྫིར་འབོད་པ་ནི། སྤྱི་ལོ་༡༩༩༧ལོར་ཕ་ཡུལ་སྟོང་གི་གཡང་སྡེ་ཕྱུག་མོ་མཛོ་རྒན་རྭ་བར་དུ་སྐྱེས། རང་ལོ་དགུ་ནས་བཟུང་དེ་སྔ་གཞུག་ཏུ་ཤེས་རིག་གི་འབྱུང་གནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཏེ་སློབ་མཐར་ཕྱིན།མཐར་ཕྱིན་མ་ཐག་ཏུ་ལྷག་བསམ་རྣམ་དག་གིས་ཕ་ཡུལ་མཛོ་རྭ་སློབ་ཆུང་དུ་ལོ་ངོ་གསུམ་ཙམ་ཞིག་ལ་དགེ་རྒན་གྱི་ལས་ཀར་ཞུགས་ཁུལ་ཀྱང་བྱེད་མྱོང་ལ། ཁོ་བོ་ཆུང་དུས་ནས་བོད་ཀྱི་ཡིག་གཟུགས་ལ་དགའ་མོས་ཤིན་ཏུ་ཆེ་བས། ད་ལྟ་བོད་ཀྱི་བྲིས་པ་གྲགས་ཅན་རྒན་སེང་གེ་དར་རྒྱས་ཀྱི་སྐུ་དྲུང་ནས་མགོ་ལོག་སྡེར་ནང་ས་བྲིས་གཙོ་བྱས་བོད་ཀྱི་ཡིག་གཟུགས་འགའ་ལ་སྦྱང་བརྩོན་བྱེད་བཞིན་མཆིས་སོ།།



15-1.jpg



15-2.jpg








ཡིག་གཟུགས་པ་བདུད་འདུལ་སྐྱབས

16-0.jpg


        དངོས་མིང་ལ་བདུད་འདུལ་སྐྱབས་ཟེར་ཞིང་པིར་མིང་ལ༼་སྙུག་གཡང་སྣག་རྫི ༽རུ་འབོད། སྤྱི་ལོ (༡༩༩༧) ལོར་རྨ་ཡུལ་མགོ་ལོག་མི་ཏིག་དར་ལག་རྫོང་སྡེར་ནང་ཡུལ་ཚོ་གདོང་སྐོར་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ལོ་ན་བརྒྱད་ལ་སོན་མ་ཐག་ནས་སློབ་གྲྭར་འགྲིམ་མགོ་བརྩམས། དེ་ལྟར་སློབ་གྲྭར་རིམ་པ་བཞིན་ཏག་ཏག་མི་ལོ་༡༥་ལྷག་ལ་སློབ་གྲྭར་འགྲིམས།བར་དུ་ཐོག་མར་སློབ་ཆུང་འགྲིམ་བཞིན་པའི་དུས་ཐོག    ལོ་ན་བཅུ་གཉིས་ལ་སོན་མ་ཐག་ས་བྲིས་པ་རྒན་ངག་བརྩོན་ལགས་ཀྱི་མདུན་ནས་བྲིས་ཀྱི་ལས་སྒོར་རེག་ཙམ་ཞུགས།   རྗེས་སུ་དམའ་འབྲིང་གི་སྐབས་ནས་བཟུང་རང་སྡེ་བའི་སྡེར་ནང་ས་བྲིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་རྒན་སེངྒེ་དར་རྒྱས་ལགས་ལ་ཡུན་རིང་ལ་བསྟེན་ཏེ་སློབ་གྲྭའི་བར་གསེང་གི་དུས་ཚོད་དག་བེད་སྤྱད་དེ་ས་བྲིས་ཀྱི་བྲིས་རྒྱུན་ཡང་དག་བླངས་སོང་།   རྗེས་སུ་རྒྱ་ནག་ནས་སློབ་ཆེན་འདོན་སྐབས་སུ་རྒྱའི་ཡིག་གཟུགས་ལའང་སྤྲོ་བ་རབ་དུ་སྐྱེས་སོང་བས་སྦྱང་བ་རེག་ཙམ་བྱས།(༢༠༡༩) ལོར་སློབ་མཐར་ཕྱིན་ཏེ་སླར་ཡང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྡེར་ནང་ས་བྲིས་རྒྱུད་འཛིན་པ་རྒན་སེངྒེ་དར་རྒྱས་ལགས་ཀྱིས་མཛད་པའི་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ་མེས་པོ་གོང་མ་དག་གི་ཉམས་མེད་ཀྱི་སྙིང་སྟོབས་ལས་བསྐྲུན་པའི་རིན་ཆེན་ནོར་བུ་འདིའི་རིན་ཐང་མ་ལུས་ང་ཚོ་བོད་ཀྱི་གཞོན་སྐྱེས་ཕོ་མོ་དང་རྒྱལ་ཁབ་གཞན་དང་གཞན་དག་ལའང་ཤེས་སུ་འཇུག་པའི་འགན་འཁྲི་ང་ཚོར་བབ་ཡོད་པ་ངོས་ཅུང་ཙམ་ཟིན་པའི་ཆ་ནས་འདིའི་ཕྱོགས་ལ་བྱ་བ་ཕྲན་ཙམ་བྱེད་འགོ་བརྩམས་ལ།   ད་དུང་ཞོར་ལ་རྒྱ་ཡིག་གི་ཡིག་གཟུགས་ལའང་སྦྱང་བ་ཅུང་ཙམ་རེ་བྱེད་ཀྱིན་མཆིས་སོ།   །



16-2.jpg



16-2.jpg



16-5.jpg



16-6.jpg



16-4.jpg



16-3.jpg



16-1.jpg









ཡིག་གཟུགས་པ་དཔའ་རྡོར


17-0.jpg


         དངོས་མིང་ལ་དཔའ་རྡོར་ཟེར་ཞིང་པིར་མིང་ལ་སྐྱ་གཞོན་དུ་འབོད།   སྤྱི་ལོ༢༠༠༠ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་གྱི་མཁར་ཡུལ་གྱི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་འགྲིམས་ནས་མི་ཚེ་བསྐྱལ་བ་ཡིན། སྤྱིར་རང་ཉིད་ལ་དགའ་ཕྱོགས་མང་པོ་ཞིག་ཡོད་མོད། འོན་ཀྱང་། ད་ལྟ་མུ་མཐུད་དུ་དགའ་ཕྱོགས་ཡིག་གཟུགས་ཀྱི་ཆེད་དུ་མི་ཚེ་སྐྱེལ་ཀྱིན་ཡོད་པ་མ་ཟད།   རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་མགོ་ལོག་སྡེར་ནང་ས་བྲིས་ཆེད་སྦྱོང་འཛིན་གྲྭར་ཞུགས་ཏེ། རྒྱལ་ཁབ་རིམ་པའི་སྡེར་ནང་ས་བྲིས་ཡིག་གཟུགས་རྒྱུད་འཛིན་པ་དགེན་སེང་གེ་དར་རྒྱས་ལགས་ཀྱི་དྲུང་ནས་ས་བྲིས་ཡིག་ཆེན་དང་།   འབྲུ་ཚ།   ཡིག་ཆུང་།   ད་དུང་སྨོན་ལམ་ཡིག་གཟུགས་དང་གཞུང་བྲིས་སོགས་འབད་ཀྱིན་གདའ།   ང་ལ་རེ་བ་ཞིག་ཡོད་པ་ནི་ཡིག་གཟུགས་ཀྱི་ཕྱོགས་ལ་སློབ་གཉེར་བྱེད་བཞིན་པའི་ན་གཞོན་ཚོས་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་རིགས་གཅིག་རྐང་འཛིན་གྱི་ལམ་ཁ་དེར་བསྐྱོད་རྒྱུ་དེ་ཡིན།    མཐར་བོད་ཀྱི་ཡིག་གཟུགས་ཀྱི་བསྟན་པ་འདི་འཛམ་གླིང་ཡོངས་ལ་ཁྱབ་པར་སྨོན་ནོ། །



17-1.jpg



17-2.jpg



17-3.jpg



17-4.jpg


17-5.jpg




17-6.jpg




ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་།