༄༅།།རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དགའ་བས་བསུ།
西北民族大学藏文书法协会
སྤྱི་ཟླ4པའི་ཚེས30ཉིན་ནི་བོད་ཀྱི་ཡིག་གཟུགས་ཉིན་མོ་ཡིན་ལ། དེ་ནི་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་ལས་གཉེར་ཚན་ཆུང་གིས་རོགས་སྒྲུབ་མཛད་དེ། 2017ལོའི་ཟླ4པའི་ཚེས15དང་ཚེས16ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་འཚོགས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ལས་གཏན་ལ་ཕབ་པ་རེད།ཚོགས་ཆེན་ཐོག་ལྗོངས་ཞིང་ལྔའི་བྲིས་པ་བདུན་ཅུ་ལྷག་གིས་དུས་ཆེན་གྱི་མིང་དང་ཟླ་ཚེས་གཏན་འབེབས་གནང་བ་སྟེ། བོད་ནི་རྟེན་འབྲེལ་ལ་བརྟག་པའི་མི་རིགས་ཤིག་ཡིན་པས། དབྱངས་བཞི་དང་གསལ་བྱེད་སུམ་ཅུ་ཡི་གྲངས་ཚད་རྒྱུ་མཚན་དུ་བྱས་ནས་དེ་ལྟར་གཏན་ལ་ཕབ་པ་རེད།
ད་ལོའི་བོད་ཀྱི་ཡིག་གཟུགས་ཉིན་མོ་གཟབ་རྒྱས་ངང་བསུ་ཆེད་ངེད་མཐུན་ཚོགས་ཀྱིས་ནང་ཁུལ་ནས་བརྩམས་ཆོས་བསྡུ་སྒྲིག་བྱས་ཏེ་ཕུལ་བྱུང་བརྩམས་ཆོས་དག་དྲ་ལམ་ནས་འགྲེམས་སྟོན་བྱས་དེ་བོད་ཀྱི་ཡིག་གཟུགས་ཉིན་མོ་ལ་རྟེན་འབྲེལ་ཞུས་པ་ཡིན།
གཤམ་དུ་ངེད་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་བའི་བྲིས་ཀྱི་ལེགས་སྐྱེས་འགའ་གཟིགས་པ་པོ་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་འབུལ་རྒྱུ་ཡིན།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།
|