༄༅།།བོད་ལྗོངས་མི་རིགས་སློབ་ཆེན་གྱི་བོད་ཡིག་ཚོགས་པ་མཉམ་འབྲེལ་ངང་དྲ་ཐོག་ནས་བཞི་པའི་སུམ་ཅུའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་ཡོད།
དེ་ཡང་ད་ལོར་དམིགས་བསལ་ཏོག་གསར་གློ་ཚད་ནད་དུག་རྒྱལ་ཡོངས་སུ་ཁྱབ་ཚད་ཆེ་བའི་དབང་གིས་སློབ་འགོ་ཚུགས་མེད་པར་བརྟན། ངེད་བོད་ལྗོངས་མི་རིགས་སློབ་ཆེན་གྱི་༢༠༢༠ལོའི་ཟླ་༤ཚེས་༣༠ཉིན་“རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུ་བྱེད་ཀྱི་བྱེད་སྒོ་དང་བོད་ཡིག་ཚོགས་པའི་མཉམ་འབྲེལ་གྱི་སྐབས་གཉིས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་”དེ་སློབ་གྲྭའི་ནང་དུས་ཐོག་ཏུ་སྤེལ་ཐུབ་མེད། འོན་ཀྱང་“སློབ་ཁྲིད་བྱེད་མཚམས་བཞག་ཀྱང་སློབ་སྦྱོང་མཚམས་མི་འཇོག་པར་སྦྱངས་དགོས་”ཞེས་པ་ལྟར་དྲ་ཐོགས་ནས་སྨོན་ཚིག་དང་སྦྲགས་ཡིག་གཟུགས་འགྲེམ་སྤེལ་བྱས་ཡོད།
ཐེངས་འདིའི་ཡིག་གཟུགས་འགྲེམ་སྤེལ་ནང་བོད་ཡིག་ཚོགས་པ་ཁག་སོ་སོ་ནས་ཡིག་གཟུགས་ལེགས་པ་རྣམས་བསྡུས་ཡོད། དེ་དག་ནི་གངས་ཏེ་སེ་རིག་གནས་གླིང་ནས་གཙོས་པའི་གངས་ལྷའི་བརྩེ་སེམས་ཚོགས་པ། འོས་འགན་བོད་ཡིག་སློབ་ཚོགས། ཧི་མ་ལ་ཡའི་རིག་གཞུང་ཚོགས་པ་བཅས་དང་སློབ་ཆེན་གཞོན་ནུའི་ཚགས་པར་བོད་ཡིག་རྩོམ་སྒྲིག་ཁང་། མི་རིགས་གླུ་གར་ཚོགས་པ་བཅས་ཚུད་ཡོད། ཁོང་རྣམ་ཀྱི་སྔོན་ལ་རང་ཚོགས་པའི་ཡིག་གཟུགས་རྣམས་དྲ་ལམ་ནས་བསྡུ་རུབ་བྱས་ཏེ་ཡིག་གཟུགས་འགན་འཁུར་བས་གཙོ་བོ་བྱས་ཏེ་ཚོགས་པའི་འགན་ཁུར་བ་རྣམས་ཀྱི་སྤྱད་འདེམས་འོག་ཡིག་གཟུགས་ལེགས་པ་འགའ་གཏོན་པ་ཡིན།
དེ་ན། ཡི་གེའི་གཟུགས་ཀྱིས་སྐྱེ་བོའི་ཡིད་དབང་འགུག།
ཡི་གེའི་གཟུགས་ཀྱིས་རང་གཤིས་ལྷོད་ལ་འབེབས།།
ཡི་གེའི་གཟུགས་ཀྱིས་དགའ་བ་ཚད་མེད་སྟེར།།
ཡི་གེའི་གཟུགས་ཀྱི་ཕྱོགས་ལ་གུས་ཕྱག་འཚལ།།
མཇུག་ཏུ་བོད་ཡིག་ཡིག་གཟུགས་དེ་རྣམས་སྔར་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཡང་ནས་ཡང་དུ་ཞུའོ།།
ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།
|