收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་སུ་བསྐྱོད་པ

 二维码 13731
发表时间:2020-04-30 09:05作者:འཇམ་དཔལ་ཚེ་ལོ།来源:ཀན་ལྷོའི་ཡིག་གཟུགས་འཕྲིན་སྟེགས网址:https://mp.weixin.qq.com/s/ZcGyv-C4JdwQQQ4LWqjSYQ

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མུ་འབྲེལ་བྱེད་སྒོ།




微信图片_20190426145513.jpg


༄༅། །ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ད་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མུ་འབྲེལ་བྱེད་སྒོ་ལས་༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་སུ་བསྐྱོད་པའི་ལེའུ།


       རབ་གནས་ལྕགས་བྱི་ལོའི་ས་ག་ཟླ་བ་ཡར་ཚེས་ཀྱི་ཉིན་བཞི་བ་དང་སྤྱི་ལོ་༢༠༢༠ལོའི་ཟླ་༤པའི་ཚེས་༢༦ཉིན་གྱི་སྔ་དྲོར། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་སུམ་ཅུ་ལྷག་༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་སུ་སོང་ནས་ད་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མུ་འབྲེལ་བྱེད་སྒོ་ལས་དམ་པ་ཁོང་རྗེས་སུ་དྲན་པ་དང་བོད་ཀྱི་ཡིག་གཟུགས་བྱ་བའི་འཕེལ་རྒྱས་ཐད་ཀྱི་བསམ་གཞིགས་ཞེས་པའི་བྱེད་སྒོ་རིམ་པ་གཉིས་པ་བདེ་བླག་ངང་སྤེལ།

       ཚོགས་ཐོག་ནས་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས་མཆོག་དང་། ཀན་ལྷོ་ཁུལ་དམངས་ཆེན་གྱི་དྲུང་ཆེན་ཟུར་བ་རྒན་གུ་དྲག ། ཀན་ལྷོ་ཁུལ་སྲིད་གཞུང་གི་ཆེད་བསྐོས་རིག་གནས་བློ་འདྲི། ཁུལ་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་མཚན་འཛིན་ཀྲུའུ་རེན་རྒན་དཀོན་མཆོག་སྒྲ་དབྱངས་རྒྱ་མཚོ། མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒན་སངས་རྒྱས་བཀྲ་ཤིས་སོགས་ཀྱིས་༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་གསུང་འབུམ་པར་བསྐྲུན་དང་། དམ་པ་གང་དེའི་མཛད་རྗེས་ཕྱིར་དྲན། བོད་ཀྱི་ཡིག་གཟུགས་དུས་ཆེན་སྐོར་གྱི་བྱ་བའི་སྙན་ཞུ་དང་བོད་ཀྱི་ཡིག་གཟུགས་འདི་ཉིད་སླད་མར་ཅི་ལྟར་འཕེལ་རྒྱས་གོང་འཕེལ་གཏོང་བའི་ཐབས་ལམ་བཅས་ཀྱི་སྐོར་ནས་བགྲོ་གླེང་དང་གཏམ་བཤད་གནད་དུ་ཐིངས་པ་གང་མང་གནང་།

       བགྲོ་གླེང་ལས་གཞན་ཡུལ་དངོས་ལ་ཕེབས་པའི་གདན་ཞུའི་དགེ་རྒན་དང་ཚོགས་མི་ཚང་མ་དམ་པ་གང་དེའི་ནང་མི་གཅོད་པ་སྐྱབས་ལགས་དང་འགྲོགས་ནས་ཁོང་གི་འཁྲུངས་གཞིས་དངོས་ལ་མཇལ་སྟེ། དད་གུས་ཀྱི་ཁ་བཏགས་དང་མཇལ་རྟེན་འཇམ་དབྱངས་དཀར་པོའི་མཚན་གཟུངས་སོགས་གང་འཛོམས་ཕུལ་ཞིང་། ས་དེ་གའི་ཡུལ་མི་ཁྱིམ་ཁ་རེར་གོང་གཤམ་དང་བཅས་པའི་ཡིག་གཟུགས་བརྩམས་ཆོས་སྤུས་དག་རེ་རེ་རིན་མེད་དུ་ཕུལ་བས་དུས་ཆེན་གྱི་དགའ་སྟོན་དང་། ཡིག་གཟུགས་ཀྱི་བསྟན་པ་རིན་ཆེན་འདི་མུ་ནས་མུ་རུ་ལེགས་པར་འཕེལ་ཞིང་རྒྱས་པའི་ས་བོན་དུ་བསྔོས་པ་དགེ་གྱུར་ཅིག །


1.jpg

༡   འབོ་ར་གྲོང་བརྡལ་གྱི་ལས་མིའི་སྣེ་ཁྲིད་འོག་༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ལ་ཕེབས་ཀྱིན་པ།


2.jpg

༢     ༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ལ་དངོས་སུ་ཐོན་པ།


3.jpg

༣   ཐོག་མའི་མཇལ་རྟེན་དུ་འཇམ་དབྱངས་དཀར་པོའི་གཟུངས་ཡིག་ཕྱག་བསྟར་མ་ཕུལ་བཞིན་པ།


4.jpg

༤   ༧མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་འཁྲུངས་གཞིས་ནས་མཉམ་པར་བསྐྱོན་བཞིན་པ།


5.jpg

༥   དྲུང་ཆེན་སྐལ་བཟང་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་བྱེད་སྒོ་ལ་མདོ་འཛིན་བྱེད་བཞིན་པ།


6.jpg

༦   ངེད་མཐུན་ཚོགས་ཀྱི་དྲུང་གཞོན་གཙོས་ཤེས་རབ་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐོར་ནས་སྙན་ཞུ་འབུལ་བཞིན་པ།



7.jpg

༧   གདན་ཞུའི་དགེ་རྒན་རྣམས་ལ་ཡིག་གཟུགས་ཀྱི་ལེགས་སྐྱེས་འབུལ་བཞིན་པ།



8.jpg

༨   ས་དེ་གའི་ཡུལ་མི་ཁྱིམ་ཁ་རེར་ཡིག་གཟུགས་ཀྱི་ལེགས་སྐྱེས་སྤུས་དག་རེ་འབུལ་བཞིན་པ།



9.jpg

༩   ཡུལ་མི་ཚོས་ལེགས་སྐྱེས་ལ་གཟིགས་བཞིན་པ།


10.jpg

༡༠   དྲན་གསོ་ཁང་ནས་གཏམ་བཤད་བགྲོ་གླེང་གི་རིམ་པ་རྫོགས་རྗེས་དྲན་རྟེན་དུ་མཉམ་པར་བསྐྱོན་བཞིན་པ།