收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བྲིས་པ་ཚེ་བརྟན་དོན་གྲུབ།

 二维码 128
发表时间:2020-04-28 12:00作者:ཚེ་བརྟན་དོན་གྲུབ།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


བྲིས་པ་ཚེ་བརྟན་དོན་གྲུབ།




     བྲིས་པ་ཚེ་བརྟན་དོན་གྲུབ་དང་སྨྱུག་མིང་ལ་གཙང་པ་ལེ་ལོ་ནི།སྤྱི་ལོ༡༩༩༧ལོར་བོད་ལྗོངས་2གཞིས་རྩེ་གྲོང་ཁྱེར་པད་གཞུང་ཤང་བཀྲ་ཤིས་སྒང་གྲོང་ཚོར་ཐོག་མའི་ལྟེ་ཁྲག་འཕོས།   ཆུང་བྱིས་པའི་དུས་ན་བྱམས་ཕ་མའི་འཀའ་དྲིན་འོག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས་ཏེ་དྲིན་བཤེས་གཉེན་བཟང་པོའི་དྲུང་ནས་ཤེས་རིག་གི་བདུད་རྩེ་འཐུ་བའི་སྐལ་བ་བཟང་པོ་ཐོབ།   

       ༢༠༡༥ལོའི་སློབ་ཆེན་གྱི་སྒོ་མོ་འཛུལ་བའི་ཐེམ་སྐས་དང་པོ་ནས་བཟུང་། གཙང་པའི་སོར་རྩལ་ཞེས་པའི་སྐད་འཕྲིན་ཡིག་གཟུགས་ཚོགས་པའི་ནང་ཡིག་མཁན་རྣམས་པས་མཚར་དུ་མངར་བའི་ཕྱག་བྲིས་མང་དག་ཞིག་སྤེལ་བའི་མཐུན་རྐྱེན་བཟང་པོའི་འོག་རང་ཉིད་ལ་བོད་ཡིག་ཡིག་གཟུགས་སྦྱངས་འདོད་པའི་བསམ་པའི་སྐུལ་སློང་སླེབས་པ་དང་སྦྲགས་དང་ཐོག་མའི་ཡིག་གཟུགས་འབྲི་སྦྱོང་གི་ལམ་ལ་ཞུགས་པ་ཡིན།         

     ༢༠༡༦ལོ་ནས་སྔ་རྗེས་སུ་དགེ་བའི་བཤེས་གཉེན་བཟང་པོ་དོན་གྲུབ་ཚེ་རིང་ལགས་དང་རང་སློབ་གྲྭའི་དགེ་བའི་བཤེས་གཉེན་ཆེན་མོ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་སྐུ་མདུན་ནས་ནས་ཚུགས་རིངདང་་དབུ་ཅན། ས་བྲིས། འབྲུ་ཚ་ཞབས་རིང་། སུག་རིང་། ཧོར་ཡིག་སོགས་ལ་སྦྱངས་པ་བྱས་པ་དང་གུང་གསེང་སྐབས་གཙང་ལྗོངས་གདན་ས་ཆེན་མོ་བཀྲ་ཤིས་ལྷུན་པོ་དགོན་པའི་དགེ་བའི་བཤེས་གཉེན་བཟང་པོ་རྒན་རྡོ་རྗེ་ཕུན་ཚོགས་ལགས་ཀྱི་སྐུ་དུང་ནས་འཁྱུག་ཡིག་དང་ལཉྫ་ལ་སྦྱངས་པ་བྱས།   དེ་མིན་དྲ་ཐོག་ནས་དགེ་བའི་བཤེས་གཉེན་རྒན་ལེགས་བཤད་བཟོད་པ་ལགས་ཀྱི་ཚུགས་ཐུང་མ་དཔེར་བྱས་པ་དང་རྒན་པད་དཀར་འབངས་ལགས་ཀྱིས་འབྲུ་ཚ་མ་དཔེར་བྱས་ཏེ་གངས་ཅན་བོད་ཀྱི་ངོ་མཚར་མཛུབ་བྲིས་དག་ལ་སྦྱངས་པ་ཆུ་བོའི་རྒྱུན་བཞིན་བྱས་ཡོད།   

     རྒན་ལགས་ཁོང་རྣམས་པའི་བཀའ་དྲིན་དང་རང་ཉིད་ཀྱི་འབད་བརྩོན་འོག་ཡིག་གཟུགས་ཀྱི་ལམ་བུར་འགྲུབ་འབྲས་མི་དམན་པ་ཐོབ་བྱུང་བས་སླད་ཕྱིན་ཆད་ཀྱི་ཡིག་གཟུགས་ལམ་བུའི་ཐོག་མུ་མཐུད་བརྩོན་འགྲུས་ཀྱི་རྟ་ཕོ་ལྕགས་ཀྱི་སྐུལ་ཏེ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེ་ཉིད་མ་ཉམས་གོང་འཕེལ་ཡོང་བའི་བཀྲ་ཤིས་དང་བཅས་ཐམས་བཅས་དགེ་བར་འགྱུར་རོ།


























ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།