བྲིས་པ་པདྨ་དབང་གྲགས
གྲམ་དཀར་པདྨ་དབང་གྲགས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཧོལ་ཁཱ་གྲོང་རྡལ་ཉིན་ཆུ་སྡེ་བའི་ཡིན། ད་ལྟ་ལོ22ལ་སོན་ཡོད་ཅིང་མཚོ་སྔོན་མི་རིགས་སློབ་ཆེན་ན་སློབ་གཉེར་གྱི་ལས་ལ་འབད་བཞིན་ཡོད། འདས་པའི་སློབ་སྦྱོང་གི་གོ་རིམ་ཁྲོད་ཡིག་གཟུགས་འབྲི་སྦྱོང་གི་འདུན་པ་ནམ་ཡང་ལྷོད་མ་མྱོང་ལ། སྔ་ཕྱིར་ཕྱག་རྒྱུན་ལྡན་པའི་དགེན་བསྟན་འཛིན་གྱི་སློབ་མ་རྒན་ཁོ་ལེ་དང་སྐལ་བཟང་དོན་འགྲུབ་སོགས་ཀྱི་མདུན་ནས་སྦྱང་ཤིང་སོགས་ཐོག་མར་ངོ་ཤེས་ཤིང་གཙང་བྲིས་ཚུགས་ཆེན་དང་དབུ་ཅན་སོགས་ལ་འབྲི་སྦྱོང་བྱེད་པའི་སྐལ་བ་བཟང་བོ་ལྡན།
ཕྱིས་སུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཡིག་གཟུགས་མཐུན་ཚོགས་ནང་ཞུགས་ཤིང་།རྒན་སེང་གེ་དར་རྒྱས་ཀྱི་དངོས་སློབ་ཞིག་གི་མདུན་ནས་སྡེར་ནང་ས་བྲིས་ལ་སྦྱངས་བ་བྱས། སྔ་ཕྱིར་རྫོང་དང་ཁུལ་ཞིང་ཆེན།རྒྱལ་ཡོངས་རིམ་པ་བཅས་ཀྱིས་བྱ་དགའི་གཏང་རག་གི་སྐུལ་ལྕག་ཀྱང་གནངས་མྱོང་།
|