བྲིས་པ་ཚེ་རིང་ནོར་བུ།
ཚེ་རིང་ནོར་བུ། སྨྱུག་མིང་ལ་འཕྲང་སྒོའི་ཚེ་ནོར་དུ་འབོད། ལོ་རབས་བདུན་ཅུའི་ནང་ལྷོ་ཁ་གོང་དཀར་རྫོང་འཕྲང་སྒོ་ཤང་གི་ཞིང་ཁྱིམ་ཞིག་ཏུ་ཐོག་མའི་ལྟེ་ཁྲག་འཕོས། ༡༩༩༨ལོར་བོད་ལྗོངས་སློབ་ཆེན་བོད་ཡིག་ཚན་ཁག་མཐར་ཕྱིན་ནས་སྤྱི་ཚོགས་ཀྱི་ཐོག་ཏུ་གོམ་ཁ་བསྒྱུར། སློབ་གྲྭ་འགྲིམས་རིང་ཡིག་གཟུགས་ལ་དགའ་ཞེན་ཆེ་ཡང་ལས་ཀར་ཞུགས་རྗེས་དེ་ཉིད་རྒྱུན་མ་འཁྱོངས་པར་ལོ་མང་འདས། ༢༠༡༨ལོར་སྟེས་དབང་གི་རྐྱེན་ཞིག་གིས་སྐུལ་ཏེ་ཡིག་གཟུགས་སྦྱོང་འདོད་ཀྱི་བློ་ཞིག་བསྐྱར་དུ་རྙེད་པས་དུས་དེ་ནས་བཟུང་སྐད་འཕྲིན་བརྒྱུད་དེ་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་མཁས་པ་མང་པོའི་སློབ་སྟོན་ལ་བརྟེན་ནས་བོད་ཀྱི་ཡིག་གཟུགས་སྦྱོང་སྤྱོད་ཀྱི་ལས་ལ་བརྩོན་པ་ཆེན་པོས་གཞོལ་བཞིན་མཆིས། ༢༠༢༠ལོར་བོད་རང་སྐྱོང་ལྗོངས་ཡིག་མཁན་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཚུད་དོ།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།
|