བྲིས་པ་རིན་རྒྱལ།
གུས་པ་རང་གི་ངོ་སྤྲོད་མདོར་བསྡུས།
དངོས་མིང་རིན་རྒྱལ་དང་། སྨྱུག་མིང་ལ་ལྡོང་རྨ་སྲས་སུ་འབོད་པ་བདག་གི་ཕ་ཡུལ་བོད་རང་སྐྱོངས་ལྗོངས་ཆབ་མདོ་ཁུལ་རི་བོ་ཆེ་རྫོང་གངས་གཟེ་ཡུལ་ཤོག་བེའུ་ཚང་གྲོང་ཚོའི་རྨ་གཡང་བཀྲ་ཤིས་ལྷ་འབུམ་ཚང་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་༡༩༧༤སྐྱེས། རང་ལོ་བདུན་གྱི་ཐོག་ཨ་མྱེ་རྨ་གཡང་འཇམ་དཔལ་བཀྲ་ཤིས་དང་། ཨ་མྱེ་ས་ཨོ་རྒྱན་དགྲ་འདུལ་གཉིས་ཀྱི་མདུན་ནས་བོད་ཡིག་དབྱངས་གསལ་སོ་བཞིའི་སྦྱོར་ཀློག་བསླབ་པ་དང་རིམ་བཞིན་འདོན་ཆོག་སྐོར་གཙོ་བོ་བྱས་པའི་འབྲི་ཀློག་དང་། གཏོར་བཅའ་འདོན་གྱེར་སོགས་མཐར་ཕྱིན་པ་བྱུང་།
རྨ་གཡང་འཇམ་དཔལ་བཀྲ་ཤིས་ཁོང་ནི་གངས་གཟེ་ཡུལ་ཤོག་བེའུ་ཚང་གྲོང་ཚོའི་དགེ་རྒན་ཐོག་མ་ཡིན་ལ། ས་ཨོ་རྒྱན་དགྲ་འདུལ་ཁོང་ནི་བོད་ཞི་བས་བཅིངས་གྲོལ་བཏང་རྗེས་ཁྲ་མོ་ཆུས་ཀྱི་བོད་ཡིག་དགེ་རྒན་ཐོག་མ་རུ་གདམ་པ་དང་། གངས་གཟེ་ཡུལ་ཤོག་གི་བོད་ཡིག་དགེ་རྒན་ཡང་ཡིན། ཕྲན་བདག་ལ་ཁོང་རྣམ་གཉིས་ཀྱི་བཀའ་དྲིན་ནི་ནམ་ཡང་གཞལ་མཐའ་བྲལ་བ་ཞིག་ཡིན།
ཕྲན་གྱི་མི་ཚེའི་ཁྲོད་སྐབས་རེར་ནོར་ལུག་གི་རྨིག་རྗེས་དེད་ནས་ལན་རེར་ན་མཉམ་ཚོ་དང་རྩེད་གར་ལ་རོལ་ཞིང་། སྐབས་རེར་ཕན་ཚུན་བར་ལ་རྩོད་འཛིང་དང་མིག་ཆུ་བཏངས་ནས་སྐྱིད་སྡུག་མ་ངེས་པ་སྣ་ཚོགས་སུ་མྱངས། རིམ་བཞིན་ནར་སོན་ཏེ་འཁོར་བའི་བྱ་བ་སྟེ་དགྲ་འདུལ་གཉེན་སྐྱོང་གི་བར་གསེང་ཁྲོད་ནས། ཉེ་བའི་ལོ་ཤས་རིང་ཆེད་དུ་ཡིག་གཟུགས་ལ་བསྐྱར་སྦྱོང་བྱས་པས་སྦྱངས་འབྲས་ཡང་མི་དམན་པ་ཙམ་དུ་འཐོབ་བཞིན་ད་ལྟ་བདེ་བར་མཆིས་ལགས།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་རྩོམ་སྒྲིག་ཁང་ནས།
|