བྲིས་པ་སྔགས་བསྟན་པའི་རྒྱན་མཚན།
སྔགས་བསྟན་པའི་རྒྱན་མཚན་ནམ་མེ་སོན་ནི་༡༩༨༦ལོར་མདོ་སྨད་རྔ་བའི་རྔ་སྟོད་ཚོ་དྲུག་གི་ཡ་གྱལ་རྒྱ་སྟོད་སྡེ་བ་རུ་སྐྱེས།སློབ་ཆུང་སློབ་མཐར་རྗེས་ཆོས་སྡེ་ཆེན་པོ་རྔ་ཡུལ་སྒོ་མང་དགོན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་ཐོས་བསམ་གླིང་ལ་ཞུགས།༢༠༠༦ལོར་སྒོ་མང་དགོན་གྱི་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་མི་ལོ་བརྒྱད་ཀྱི་ཡུན་ལ་གཞུང་ཆེན་བཀའ་པོད་ལྔ་ལ་རང་ནུས་ཀྱིས་ཐོས་བསམ་བྱས། བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཡིག་མཁན་ཆེན་མོ་དགེ་རྒན་ཨ་ཁུ་ཕུན་ཚོགས་ཐུབ་ཆེན་ནམ་དགེན་པད་དཀར་འབངས་ཀྱི་དྲུང་ནས་ཡིག་གཟུགས་སྣ་ཚོགས་ལ་སྦྱོང་བ་བྱེད་བཞིན་དང་རྫ་སེར་ཤུལ་དགོན་གྱི་ནང་བསྟན་སློབ་གླིང་གི་རིག་པའི་དགའ་ཚལ་དང་མགོ་ལོག་ཨ་སྐྱོང་སྦྲ་སར་དགོན་དང་ཁམས་ལི་ཐང་མགོ་ལོག་དགོན་རྔ་བའི་རྨེའུ་སྐོར་སློབ་ཆུང་སོགས་སུ་ཡིག་གཟུགས་ཀྱི་དགེ་རྒན་ཙམ་བྱེད་ཁུལ་ཡོད།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་ནས།
|