收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་ཁང་གི་འགོ་ཁྲིད་རྣམས་ངེད་དྲ་བར་གཟིགས་ཞིབ་ཏུ་ཕེབས་པ།

 二维码 1141
发表时间:2020-04-21 12:11作者:དྲ་ཚིགས་རྩོམ་སྒྲིག་ཁང་ནས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གཉིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་རོགས་སྐྱོར་གཟིགས་ཞིབ་ཏུ་ཕེབས་པ།



1.jpg


        བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་ཏེ། ཟླ4ཚེས19ཉིན་གྱི་སྔ་དྲོར་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒན་སངས་རྒྱས་བཀྲ་ཤིས་ཀྱི་སྣེ་ཁྲིད་འོག   གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་འཛིན་པ་ཨ་ནུ་སྐལ་བཟང་བཀྲ་ཤིས་དང་། ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་ཚེ་རིང་། དྲུང་ཡིག་སྐལ་བཟང་དོན་གྲུབ། འཇམ་དཔལ་ཚེ་ལོ།   ཨ་འཁོར་ཚེ་བྷ་བཅས་ཀླུ་ཆུ་རྫོང་དུ་ཕེབས་ནས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་མི་སྣར་འཚམ་འདྲི་དང་དྲ་བའི་རྩོམ་སྒྲིག་ཁང་ལ་གཟིགས་ཞིབ་མཛད།


2.jpg

ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་ཁྲིད་རྣམས་རྒན་ཆོས་འཁོར་བསྟན་འཛིན་ལགས་ལ་འཚམ་འདྲིར་སྐྱོད་པ།



         གཟིགས་ཞིབ་ཚོགས་པ་སྔ་རྗེས་སུ་ཀླུ་ཆུ་རྫོང་ཤིས་ཚང་དགོན་དང་། ཀླུ་ཆུ་རྫོང་མཁར་གྱི་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་གཉིས་ལ་ཕེབས་ནས། ཀན་ལྷོའི་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་མཁན་ཆེན་མོ། ལྷ་རིས་སྒྱུ་རྩལ་བ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་འཚམ་འདྲིའི་ལེགས་སྐྱེས་ཕུལ་བ་མ་ཟད།   ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་འཚོ་བའི་གནས་ཚུལ་དང་ཡིག་གཟུགས་གྲུབ་འབྲས།   བོད་ཀྱི་ཡིག་གཟུགས་དྲ་བའི་ལས་དོན་སྒྲིག་གཞི། བྱ་བའི་གྲུབ་འབྲས།   མིག་སྔའི་གནས་ཚུལ་སོགས་ལ་གཟིགས་ཞིབ་དང་རྒྱུས་ལོན་བྱས།


3.jpg

ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་ཁྲིད་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་ལ་འཚམ་འདྲིར་ཕེབས་པར་བསུ་མ་གནང་བཞིན་པ།



       ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་ནས་སྤེལ་བའི་བཞུགས་མོལ་ཚོགས་འདུའི་སྟེང་།   ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་འགན་འཛིན་པ་རྟ་མགྲིན་མགོན་པོས་དྲ་བའི་གནས་ཚུལ་དང་།   མ་འོངས་བའི་ཁ་ཕྱོགས་དང་འཆར་གཞི།   མིག་སྔའི་དཀའ་ཁག་སོགས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།



2.jpg

ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་ཁྲིད་ཀྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་འཚམ་འདྲི་རོགས་དངུལ་དང་རྩོམ་སྒྲིག་པ་རྣམས་ལ་ཁ་བཏགས་འབུལ་བཞིན་པ།



3-1 (1).jpg



ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་ཁྲིད་ཀྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་འཚམ་འདྲིའི་རོགས་དངུལ་དང་རྩོམ་སྒྲིག་པ་རྣམས་ལ་ཁ་བཏགས་འབུལ་བཞིན་པ།



3-0.jpg


ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགོ་ཁྲིད་ཀྱིས་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བར་འཚམ་འདྲི་རོགས་དངུལ་དང་རྩོམ་སྒྲིག་པ་རྣམས་ལ་ཁ་བཏགས་འབུལ་བཞིན་པ།





     ཚོགས་ཐོག་ཏུ། ཀྲུའུ་ཞི་སངས་རྒྱས་བཀྲ་ཤིས་ཀྱིས་གསུང་རྒྱུར། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་ནི་བོད་ཀྱི་ཡིག་གཟུགས་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་གློག་ཀླད་དང་ཁ་པར་དྲ་བ་གཉིས་གཞི་གཅིག་ཏུ་ཚང་བའི་དེང་རབས་ཀྱི་གར་སྟེགས་ཆེས་ཆེ་ཤོས་དེ་ཡིན་ལ། བོད་ཀྱི་ཡིག་མཁན་ཀུན་གྱི་ཐུན་མོང་གི་དགའ་ཚལ་ལམ། རྗེས་རབས་ཡིག་མཁན་སྐྱོང་བའི་སྟེགས་བུ།   རིག་གནས་དྲིལ་སྒྲོག་ཁྱབ་སྤེལ་གཏོང་བའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས།   ང་ཚོ་ཐུན་མོང་གིས་ཡིག་གཟུགས་དྲ་བའི་དར་རྒྱས་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་བསྒྲུབ་འོས་ཞེས་བསྟན། ད་དུང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་མ་འོངས་འཕེལ་རྒྱས་ལ་དམིགས་ནས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་མི་སྣ་ཡོངས་ཀྱིས་མུ་མཐུད་དུ་དཀའ་སྤྱད་ལྷུར་ལེན་གྱིས་སྲོལ་བཟང་དར་སྤེལ་དང་།   དུས་བསྟུན་གོང་སྤེལ་གྱི་སྙིང་སྟོབས་ཆེ་རུ་བསྐྱེད་དེ། གཅིག་ནས་ཡིག་གཟུགས་དྲ་བ་འདི་བོད་ཁམས་སྤྱི་ལ་ཁ་ཕྱོགས་དགོས་པ་དང་། གཉིས་ནས་རྒྱུད་ལྡན་ཡིག་རྒྱུན་ལ་ཁ་ཕྱོགས་དགོས་པ། གསུམ་ནས་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ལ་ཁ་ཕྱོགས་དགོས་ཞེས་གསུངས།



微信图片_20200422192116.jpg


མཐུན་ཚོགས་ཀྱི་དྲུང་ཡིག་སྐལ་བཟང་དོན་གྲུབ་གྱིས་ཐེངས་འདིའི་བྱ་འགུལ་གྱི་དོན་སྙིང་དང་དམིགས་བྱ། བྱ་བའི་གོ་རིམ་སོགས་བརྗོད་ཅིང་བཞུགས་མོལ་ཚོགས་འདུ་ལ་མདོ་འཛིན་མཛད་པ།




5.jpg

ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་འདས་མ་ད་གསུམ་གྱི་བྱ་བ་དང་ཡིག་གཟུགས་སྐོར་ལ་བཞུགས་མོལ་གནང་བཞིན་པའི་ཚུལ།



1.jpg

བོད་ཀྱི་ཡིག་གཟུགས་ཆེད་མཁས་པའམ་ཀན་ལྷོའི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྒན་སངས་རྒྱས་བཀྲ་ཤིས་ཀྱིས་གསུངས་བཤད་གནང་བཞིན་པ།



      སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ནན་གྱིས་བསྟན་དོན། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་ནི་མི་རིགས་རིག་གནས་དར་སྤེལ་དང་།   སྤྱི་ཚོགས་འཆམ་མཐུན་དར་རྒྱས།   རྗེས་རབས་སྐལ་ལྡན་གསོ་སྐྱོང་གི་དྲ་བ་ལེགས་ཤོས་ཤིག་ཡིན་པས། མ་འོངས་བའི་དྲ་ཚིགས་སྒྲུབ་གཉེར་གྱི་ཐད་མི་སྒེར་གཅིག་རྐྱང་གིས་འགྲོ་གྲོན་འཁུར་བའི་རྣམ་པ་ལ་བསྒྱུར་བཅོས་བཏང་ནས་རྒྱལ་ཁབ་ཀྱི་མ་དངུལ་ཡོངས་ཁུངས་འཚོལ་ཞིབ་བྱེད་དགོས་པ་དང་། གཞན་བོད་ཀྱི་ཡིག་གཟུགས་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་འདོད་པའི་ཁེ་ལས་དང་ཡིག་མཁན་སོགས་ཀྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དྲ་ཚིགས་ཀྱི་རྒྱུ་སྤུས་མཐོར་འདེགས་གཏོང་བར་ཕྱོགས་གང་ཐད་ཀྱི་བགྲོད་ལམ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།




5-1.jpg


ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་ལ་རོགས་སྐྱོར་ཁེ་ལས་པའི་དཔང་ཡིག་འབུལ་བཞིན་པ།



       གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་གི་འགན་འཛིན་པ་ཨ་ནུ་སྐལ་བཟང་བཀྲ་ཤིས་ཀྱིས་བཤད་རྒྱུར། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་ནི་མ་འོངས་བོད་ཀྱི་ཡིག་གཟུགས་དར་རྒྱས་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རིག་གནས་དྲིལ་སྒྲོག་གི་སྒེའུ་ཁུང་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ་འདི་དག་གི་རིང་ལ། དྲ་ཚིགས་རྩོམ་སྒྲིག་མི་སྣས་དྲ་བའི་འཁོར་སྐྱོད་ཐད་ཞབས་ཞུའི་འདུན་པ་རྒྱུན་འཁྱོངས་བྱས་པའི་སྙིང་སྟོབས་དང་ལྷག་བསམ་གཙང་མར་རྗེས་སུ་ཡི་རང་དང་དཔེ་སྟོན་སློབ་སྦྱོང་བྱེད་འོས་པ་མ་ཟད། རང་ཉིད་བོད་ཀྱི་ཡིག་མཁན་ཞིག་དང་ཁེ་ལས་པ་ཆུང་ཆུང་ཞིག་ཡིན་པའི་ཐད་ནས་མེ་ཏོག་ཆུང་རུང་ལྷ་རྫས་དང་། གུར་ཀུམ་ཆུང་རུང་སྨན་རྫས་ཀྱི་ཚུལ་དུ་དྲ་བར་མཐུན་རྐྱེན་དང་རྒྱབ་སྐྱོར་གྱི་འཚམ་འདྲིའི་ལེགས་སྐྱེས་འདི་ཕུལ་བ་ཡིན་ཟེར།



微信图片_20200422190353.jpg

ཀླུ་ཆུའི་ཡིག་གཟུགས་རིག་གནས་བསྟན་མཛོད་ཁང་དུ་གཟིགས་ཞིབ་གནང་བཞིན་པ།




6.png

ཀླུ་ཆུའི་ཡིག་གཟུགས་རིག་གནས་བཤམས་སྟོན་ཁང་ལ་ཞལ་མཇལ་དང་བྱེད་སྒོའི་ཐོག་མཐའ་བར་གསུམ་དུ་བྲིས་པ་ཚོས་ཡིག་གཟུགས་དུས་ཆེན་བསུ་བར་ཤིས་ཚིག་འབྲི་བཞིན་པ།



       གཟིགས་ཞིབ་ཁྲོད། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་གངས་ལྗོངས་ཨ་ནུ་ཡིག་ཆས་སྤྱི་གཉེར་ཁང་ལ“ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རོགས་སྐྱོར་ཁེ་ལས་”ཀྱི་མཚན་རྟགས་ཕུལ་བ་དང་།   ཡིག་མཁན་རྣམ་པས་ཡུལ་དངོས་ནས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཡིག་གཟུགས་གསར་རྩོམ་གྱི་བྱ་འགུལ་སྤེལ་ཏེ་གཟིགས་ཞིབ་བྱ་འགུལ་བདེ་ལེགས་ངང་མཇུག་བསྡུས།

         རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རིན་གཞོན་པ་མགོན་པོ་དབང་འདུ།   རྫོང་རིག་གནས་ཁང་གི་མགོ་གཙོ་དཔལ་ཆེན་རྡོ་རྗེ། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་འཐུས་ཚབ་བྲིས་པ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའིརྩོམ་སྒྲིག་ཁོངས་མི་བཅས་བྱ་འགུལ་ལ་ཞུགས།



1111.jpg



གསར་འགོད་པ། དཔལ་མགོན་ཚེ་རིང་།

ཞུ་དག་པ།      སྨན་བླ་ཐར།

རྩོམ་སྒྲིག་འགན་ཁུར་བ། རྟ་མགྲིན་མགོན་པོ།