收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བཀའ་དྲིན་ཞུ་ཡིག

 二维码 443
发表时间:2020-04-04 11:31作者:དྲ་ཚིགས་རྩོམ་སྒྲིག་ཁང་།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།

    ཉེ་བའི་ལོ་འདི་འགར་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་དྲ་ཚིགས་རང་ངོས་ན་ཡོངས་འབབ་སྤུ་ཙམ་མེད་པའི་གནས་ཚུལ་འོག   བོད་ཀྱི་ཡིག་གཟུགས་ལས་དོན་ལ་དུས་ཚོད་དང་བར་སྟོང་གི་ཚད་བཀག་ལས་བརྒལ་བའི་སྲི་ཞུ་ཅི་ལྕོགས་སུ་སྒྲུབ་ཕྱིར།   རྒྱུ་འབྱོར་སོགས་ཀྱི་དཀའ་ཁག་ལ་མ་འཛེམས་པར་ཐོག་མའི་དམ་བཅའ་སེམས་ལ་བཅངས་ནས། རང་གི་ཟླ་ཕོགས་ལས་ལོ་རེར་དམངས་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ལྷག་གི་འགྲོ་སོང་བཏང་སྟེ་བོད་ཀྱི་ཡིག་གཟུགས་དྲ་ཚིགས་འདི་བསྒྲུབས།   

     ལོ་ངོ་ལྔའི་རིང་ལ་དྲ་ཚིགས་འདི་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཕྱིར་རབ་དང་རིམ་པའི་ཡིག་གཟུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད།   བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་བློས་བླངས་རྩོམ་སྒྲིག་པ་རྣམ་པས་ཀྱང་གླ་ཆ་མེད་པར་དྲ་ཚིགས་ཀྱི་རྒྱུ་ཆ་སྣ་ཚོགས་འཚོལ་སྡུད་དང་།   དྲ་ཚིགས་བདག་སྐྱོང་སོགས་ཀྱི་བྱ་བ་གང་མང་དང་ལེན་བྱས། ད་ལོ་ནས་བཟུང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་སྔར་ཡོད་ཀྱི་རྨང་གཞིའི་སྟེང་དྲ་ཚིགས་བར་སྟོང་དང་དྲ་ཚིགས་བདེ་སྲུང་གི་ཕྱོགས་སུ་ལོ་རེར་མ་དངུལ་དམངས་སྒོར་ཁྲི་གཅིག་དང་སྟོང་གཉིས་ཁ་སྣོན་བྱས་ཏེ་དྲ་གནས་བར་སྟོང་ཀྲའོ་ཁྲི་20ཙམ་ཉོ་སྒྲུབ་ཁ་བསྣོན་བྱས་ཡོད། གཞན་དྲ་ཚིགས་བདེ་སྲུང་འགན་ལེན་ཐད་ནང་ལོག་གི་ཆེད་གཉེར་ཁེ་ལས་ཆེ་ཁག་ལ་འགན་གཉེར་གན་རྒྱ་བཀོད་པ་སོགས་ཀྱི་ལས་ཀ་རབ་དང་རིམ་པ་སྤེལ་བཞིན་པའི་གནས་ཚུལ་འདི་ལ་སོགས་པ་བོད་ཀྱི་ཡིག་གཟུགས་པ་སྨྱུག་མིང་ལ་འདན་ཚ་རུ་འབོད་པའི་ཁམས་ལྡན་མའམ་འདན་ཁོག་གི་ཡིག་མཁན།   འདན་ཚ་འཇམ་དབྱངས་ཆོས་དར་ལགས་ཀྱིས་ཤེས་རྗེས།   ཁོང་གིས་རང་གི་ཨམ་ཕྲག་ནས་རོགས་དངུལ་དམངས་སྒོར་ལྔ་བརྒྱ་ཕུལ་ཏེ་རྒྱབ་སྐྱོར་གྱི་ལྷག་བསམ་འབུལ་རྒྱུའི་རེ་བ་བཏོན། ངེད་དྲ་ཚིགས་ཀྱིས་མ་དངུལ་ཐད་དཀའ་ཁག་ཆེ་ནའང་ཡིག་མཁན་སྒེར་གྱི་ངོས་ཐད་ནས་རོགས་དངུལ་བླངས་མ་མྱོང་ལ་སྐབས་འདིར་ཡང་མི་སྒེར་ལ་དཀའ་ལས་མི་བཟོ་ཞེས་ནན་གྱིས་བཤད་ནའང་།   ཁོང་གིས་ཧ་ཅང་ནན་ཏན་གྱིས་རང་གི་ལྷག་བསམ་མཚོན་བྱེད་འདི་ངེས་པར་དུ་ལེན་རོགས་ཞེས་ཡང་ཡང་བཤད། དེ་བས་ངེད་དྲ་ཚིགས་ནས་ཁོང་གི་རེ་བ་དང་ལེན་བྱས་ཤིང་ཆེད་དུ་དྲ་ལམ་བརྒྱུད་དེ་གསལ་བསྒྲགས་བྱས་པ་ཡིན།

    ཁོང་གིས་ངེད་དྲ་གཙོ་ལ་བཤད་རྒྱུར། ཁོ་རང་ཉིད་ཕྱུག་པོ་མིན་རུང་འཚོ་བར་དཀའ་ཁག་མེད་པས།   བོད་རང་གི་རིག་གནས་ལ་ཤ་ཞེན་གྱི་ལྷག་བསམ་མཚོན་པ་ཡིན་ལ། བོད་ཀྱི་རིག་གནས་བོད་པ་རང་གིས་འཛིན་སྐྱོང་སྤེལ་གསུམ་གཏོང་དགོས་པ་དང་། བོད་ཀྱི་ཡིག་གཟུགས་རིག་གནས་བོད་པ་རང་གིས་བདག་པོ་རྒྱག་དགོས་ཞེས་བཤད། ཆེས་སྤྱིར་བཏང་ཡིན་ལ་སྤྱིར་བཏང་མ་ཡིན་པའི་སྐད་ཆ་འདིས་ངེད་དྲ་ཚིགས་ལ་སྔར་མེད་ཀྱི་དྲོད་ཁོལ་བསྩལ་ཅིང་། སྔར་མེད་ཀྱི་སྟོབས་ཤུགས་སྦྱིན་པས་ཆེད་དུ་དྲ་ལམ་བརྒྱུད་དེ་བཀའ་དྲིན་སྙིང་ནས་ཞུ་ལགས།



20200101

རོགས་སྐྱོར་གནང་མཁན་གྱི་ཡིག་མཁན་འདན་ཚ་འཇམ་དབྱངས་ཆོས་དར་ལགས།




未标题-1.jpg