收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྨོན་ལམ་ཡིག་རྒྱུན་གྱི་སུག་ཐུང་དཔེ་ཁྲིད་བརྙན་རིས་མ།

 二维码 2251
发表时间:2020-03-25 08:32作者:སངས་རྒྱས་བཀྲ་ཤིས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།


      བོད་ཀྱི་ཡིག་མཁན་ཆེན་མོ་སྨོན་ལམ་ཡིག་རྒྱུན་རྒྱུད་འཛིན་པ་རྒན་༧ སངས་རྒྱས་བཀྲ་ཤིས་ལགས་ནི་སྤྱི་ལོ1966ལོར་མདོ་སྨད་ཆོས་སྡེ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་དུ་ཞིང་བའི་ཁྱིམ་ཚང་ཞིག་ནས་སྐྱེས།1982ལོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་གསུམ་གྱི་རིང་སློབ་གྲྭ་དེ་ཀ་ནས་སློབ་སྦྱོང་བྱས།དེའི་སྐབས་སུ་རང་མི་དམན་པའི་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་སྐྱབས་མགོན༧བསེ་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་། དེ་སྔའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དྲུང་ཡིག་ཆེན་མོ་གངས་ལྗོངས་སྨྱུག་འཛིན་དབང་བོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་བཅས་དམ་པ་དུ་མའི་བཀའ་དང་ལུང་གི་བདུད་རྩི་བསམ་གྱིས་མི་ཁྱབ་པ་མྱོང་ཐུབ་པའི་གོ་སྐབས་བྱུང་།དུས་དེ་ནས་བཟུང་རང་ཉིད་ཀྱི་མ་འོངས་པར་མི་རིགས་ཀྱི་སློབ་གསོའི་བྱ་བ་བསྒྲུབ་རྒྱུའི་འདུན་པ་དང་རང་གི་དགའ་ཞེན་གྱི་ཁ་ཕྱོགས་གསལ་བར་བསྟན།སློབ་གྲྭ་དེ་ཀ་ནས་མཐར་ཕྱིན་རྗེས་བསང་ཆུ་རྫོང་ཁོ་ཚེ་ཞང་སློབ་ཆུང་དུ་དགེ་རྒན་གྱི་ལས་འགན་ལོ་གཉིས་ཙམ་གྱི་རིང་དང་ལེན་བྱས། 1987ལོར་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་ནས་ལོ་གསུམ་ལ་སློབ་གྲྭ་དེ་རུ་སློབ་སྦྱོང་བྱས།དེའི་སྐབས་སུའང་གོང་གི་དམ་པ་རྣམ་གཉིས་ཐུགས་ལས་མ་འདོར་ཞིང་རྗེས་སུ་བཟུང་ལ། ལྷག་པར་དུ་རང་གི་དགའ་ཞེན་ལྟར་སྨྱུག་འཛིན་དབང་བོ་སྨོན་ལམ་རྒྱ་མཚོ་མཆོག་བླ་མར་བསྟེན་ཏེ་བོད་ཀྱི་ཡིག་གཟུགས་འབྲི་ཐབས་ནན་ཏན་གྱིས་སྦྱངས་ཏེ།བླ་མའི་བཀའ་དྲིན་གྱིས་རང་ལ་སྦྱངས་འབྲས་ཚད་མི་དམན་པ་ཐོབ། སློབ་མཐར་ཕྱིན་རྗེས་ཁུལ་ནས་སྲིད་ཀྱི་བྱ་བར་ལོ་གཉིས་ཙམ་ལ་ཞུགས། 1994ལོའི་ཟླ10བར་བསེ་ཚང་རིན་པོ་ཆེ་མཆོག་གི་བཀའ་ལྟར་གཙོས་མི་རིགས་དགེ་འོས་མཐོ་རིམ་སློབ་གྲྭར་ལས་གནས་སྤོས་ཞིང་གཙོ་བོ་ཡིག་གཟུགས་དགེ་རྒན་གྱི་ལས་འགན་ཁུར་ནས་རང་ནུས་ཅི་ལྕོགས་ཀྱིས་སློབ་མ་བསྐྱངས།1999ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ་ལོ་གསུམ་གྱི་རིང་ལ་སྦྱོང་བ་ནན་མོ་བྱས་ནས་ཞིབ་འཇུག་སློབ་མའི་ཐོབ་ཐང་བླངས།དེང་ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའི་ལས་ཐོབ་ལྟར་དགེ་རྒན་གྱི་ལས་འགན་འཁུར་བཞིན་མཆིས།


དཔེ་ཁྲིད་བརྙན་རིས་འདི་ནི་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བས་ཕབ་བསྐྲུན་བྱས་པ་དང་དྲ་ཚིགས་འདི་ཁོ་ནའི་སྟེང་མིང་རྟགས་བཀོད་དེ་རིན་མེད་གཟིགས་འབུལ་བྱས་ཡོད།   

མི་སྒེར་དང་འཕྲིན་སྟེགས་སོ་སོས་རང་འདོད་དུ་ཕབ་ལེན་མི་བྱེད་པར་བོད་ཀྱི་ཡིག་གཟུགས་དྲ་བའི་དྲ་ལམ་ནས་གཟིགས་རོགས།

བོད་ཀྱི་ཡིག་གཟུགས་དྲ་བར་ཁ་པར་དྲ་ལམ་དང་གློག་ཀླད་དྲ་ལམ་རིགས་གཉིས་སུ་དབྱེ་ཡོད་པས་དྲ་སྐར་གྲོན་ཆུང་གི་ནུས་པ་ཡོད།

本视频由中国藏族书法网独家冠名播出,并在本站免费观看,

任何个人及组织未经许可不得下载转载。



སློབ་ཚན་དང་པོ་ནས་གཉིས་པ།





སློབ་ཚན་གསུམ་པ།




སློབ་ཚན་བཞི་བ་ནས་བཅུ་བ།




སློབ་ཚན་བཅུ་གཅིག་པ་ནས་བཅུ་བཞི་བ།




制作剪辑.jpg


སུག་ཐུང་ངམ་ཚུགས་ཐུང་གི་དཔེ་ཁྲིད་བརྙན་རིས་མ་ཡོངས་སུ་རྫོགས་སོ།།