གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་ལྔ་བ།

 二维码 25
发表时间:2020-03-24 19:41作者:སྤེན་ནོར།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་ལྔ་བ།


རྩོམ་པ་པོ། སྤེན་ནོར།


          ༦ ༽    སྨྱུ་གུའི་རིང་ཐུང་བསྟན་པ།

         སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ལས། མཐོ་ལས་མི་རིང་མཛུབ་བས་མི་ཐུང་བ། །མཛུབ་གང་ཚད་ཡིན།ཞེས་དང་། ཀླུ་དབང་མགུལ་རྒྱན་ལས། མི་རིང་མི་ཐུང་མཐོ་གང་ཚད། །ཅེས་བོད་སྨྱུག་ཚད་ལྡན་གྱི་རིང་ཐུང་ནི་སྐྱེས་དར་མའི་མཐོ་གང་གི་ཚད་ཡིན་ལ། ཐུང་ཤོས་ཀྱང་མཛུབ་མོ་ལས་ཐུང་མི་ཉན་པར་གསུངས་སོ། །མཚོན་དོན་གྱི་དབང་དུ་བྱས་ན། སྨྱུ་གུ་མཛུབ་མོ་ལས་ཐུང་བར་བྱས་ན་འབྲི་བ་པོའི་ཚེ་ཐུང་བར་འགྱུར་ཞེས་གསུངས་སོ།།

          ༧   ༽    སྨྱུ་གུའི་ཆ་ཤས་བསྟན་པ།

         སྨྱུ་གུར་སྨྱུག་ཁ་དང་། སྨྱུག་རྫིང་། སྨྱུག་ཡུར། སྨྱུག་སྐེད། སྨྱུག་རྟིང་། སྨྱུག་མདུན། སྨྱུག་རྒྱབ། སྨྱུག་སྦུག   སྨྱུག་རྩི། སྨྱུག་ཚིགས་བཅས་བཅུ་ཡོད་ལ། སྨྱུ་གུའི་ཁ་ལ་སྨྱུག་ཁ་དངོས་དང་། སྔ་ཟུར། ཕྱི་ཟུར་གསུམ་ཡོད་དོ། །དེ་དག་ངོས་མ་ཟིན་ན། ཐིག་བཤད་ཀྱི་རིག་གཞུང་གི་དོན་མ་རྟོགས་པར་ཡིག་གཟུགས་ཀྱི་རིག་གཞུང་དང་ཡིག་འབྲིའི་ལག་ལེན་ཡ་བྲལ་དུ་འགྱུར་བ་ཡིན་པས་ཤེས་གལ་ཆེ།

   ད་སྐབས་སྨྱུ་གུ་དང་། ཡི་གེ་ཤིན་ཏུ་ཆེན་པོ་བྱེད་པ་མང་ཆེ་བ་ནི། ཡིག་གཟུགས་ཀྱི་ཆེད་དུ་ཡིག་གཟུགས་འབྲི་བའི་ཆེད་ཁོ་ནར་ཟད་དེ། བོད་གངས་ཅན་ལྗོངས་འདིར་ནི་དམིགས་བསལ་དགོས་པ་ཡོད་ན་དེ་ལྟར་འབྲི་ཡི། དེ་མིན་ཡི་གེའི་ཆ་ཚད་ལས་བརྒལ་བའི་སྨྱུ་གུ་དང་། ཐིག་ཚད། ཡི་གེ་བཅས་ཀྱིས་གར་ཡང་མི་ཕན་པས། ཚད་ལྡན་ལྟར་བྱས་ན་ཡིག་འབྲིའི་ལག་ལེན་ཀུན་ལ་སྨན་པས་མཁས་པ་སྔ་མའི་བཞེད་པ་བསྐྱངས་ན་ལེགས། ཙི་ནའི་ཡུལ་དུའང་སྔོན་གྱི་བྲིས་པ་སྐད་གྲགས་ཅན་ཝང་རྣམ་གཉིས་སུ་གྲགས་པའི་ཝང་ཞི་ཀྲེ་དང་། ཝང་ཞན་ཀྲེ་རྣམས་ཀྱི་ཡིག་དཔེ་གྲགས་ཅན་རྣམས་ལ་བལྟས་ན། སྨྱུ་གུ་དང་། ཐིག་ཚད་ཆེན་པོ་གཏན་ནས་མིན་ཡང་། དུས་ཕྱིས་རིམ་གྱིས་ཆེ་རུ་སོང་ནས་མཐར་ད་ལྟའི་འདི་འདྲར་གྱུར་འདུག གཞན་ཡང་བོད་འདིར་སྔོན་དུས་སུ་སི་སྨྱུག་གི་སྨྱུག་རྟིང་བཅོས་སྐབས་བློ་རྣོ་ཞིང་བར་ཆད་སོགས་ཀྱིས་མི་ཚུགས་པའི་རྟེན་འབྲེལ་བསྒྲིགས་ཏེ་སྨྱུག་རྟིང་ཤིན་ཏུ་རྣོ་བར་བྱེད་སྲོལ་དར་ཡོད་དོ།།དཔེ་ལ་ལར་སྙུ་གུ་ཞེས་འབྱུང་བ་ནི་སྨྱུ་གུ་ཞེས་འབྲི་བ་དང་གདམ་ངའོ།།

   ཡང་འགས་སྨྱུག་མའམ་སྨྱུག་སིའི་འགོ་མཇུག་གཉིས་ཀར་སྨྱུག་ཁ་གཏོད་དེ་འགོ་མཇུག་རེས་མོས་ཀྱིས་འབྲི་བ་སོགས་སྟབས་བདེ་ལ་སྤྱོད་ཆེ་བར་སྣང་མོད། དེས་འབྲི་བ་པོ་བཀྲེན་ཅིང་མུ་གེས་འཆི་བར་མཚོན་ཞེས་གྲགས་པས་མི་ལེགས་སོ། །

   མདོར་ན་སྔོན་བྱོན་དམ་པས་ཇི་སྐད་དུ། ཡི་གེ་སྨྱུ་གུ་དག་ལ་བཙལ། །སྨྱུ་གུ་སྨྱུག་གྲི་དག་ལ་བཙལ། །སྨྱུག་གྲི་རྡར་རྡོ་དག་ལ་བཙལ། །ཞེས་གསུངས་པའི་གོ་རིམ་མ་མ་འཆོལ་བར་ལག་ཏུ་ལེན་པར་བྱའོ།།

       འདིར་སྨྲས་པ།

            རབ་འབྱམས་རྒྱལ་བ་རྒྱ་མཚོས་འགྲོ་དོན་དུ། །

             སྐུ་དང་གསུང་དང་ཐུགས་ཀྱི་མཛད་པ་ཆེ། །

             སྣ་ཚོགས་བསྐྱངས་མོད་གསུང་གི་འཕྲིན་ལས་ཉིད། །

             མཛད་པ་མཆོག་ཅེས་མདོ་རྒྱུད་ཀུན་ལ་གསལ། །


            ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས། །

            ཡི་གེར་སྤྲུལ་ནས་འགྲོ་དོན་སྐྱོང་བྱེད་ན། །

            ཡིག་མཁན་མཁས་པའི་ཕྱག་གི་འབྲི་བྱེད་དེ། །

            རྒྱལ་བའི་ཡུམ་ཆེན་མིན་པར་སུ་ཡིས་སྨྲ། །


            གསུང་རྟེན་འབྲི་བྱེད་སྨྱུ་གུ་བཅོས་པའི་ཚུལ། །

            མ་རྟོགས་བྲིས་གཟུགས་སྙོམས་གཙང་ལེགས་འདོད་པ། །

            གོམས་པའི་འདེགས་འཇོག་མི་ཤེས་བུས་པའི་(བྱིས་པ་)ཚོགས། །

            འཁྲུག་པའི་གར་ལ་རིངས་དང་ཅིས་མི་མཚུངས། །


            སྨྱུ་གུའི་བཅོས་ཚུལ་ཁུངས་ལྡན་རིག་གཞུང་དང་། །

            ལག་ལེན་དམར་ཁྲིད་བཤེས་གཉེན་དམ་པ་ཡི། །

            སྨྱུ་གུའི་བཅོས་ཚུལ་མཐོང་འདྲིས་གོམས་གསུམ་གྱིས། །

            ལག་ཏུ་ལོངས་ཤིག་དང་པོའི་ལས་ཅན་ཚོ །


            སྨྱུ་གུའི་རྒྱུ་དང་སྨྱུ་གུའི་དང་དོད་ཐབས། །

            སྨྱུག་གྲི་བསྟེན་ཚུལ་སྨྱུག་ཁ་གཏོད་པའི་ཚུལ། །

           སྨྱུ་གུ་གས་ཚེ་སྨྱུག་ཆིངས་འདེབས་སྟངས་སོགས། །

           སྨྱུག་འཛིན་ཚོགས་ལ་སྨྱུག་བཤད་བསྟན་ཡོད་དོ། །

           གངས་ཅན་ཡི་གེའི་གཟུགས་རིས་ཀྱི་རིག་གཞུང་དང་ལག་ལེན་བསྡེབས་ཏེ་བསྟན་པ་གཡུ་ཁྲིའི་ཞལ་ལུང་ལས།   ཡིག་མཁན་གྱི་གཅེས་ནོར་སྤྱི་དང་སྒོས་སུ་སྨྱུ་གུའི་བཅོས་ཚུལ་བསྟན་པའི་ལེའུ་སྟེ་བཞི་པའོ། །

ཡིག་གཏགས་པ་དང་རྩོམ་སྒྲིག་པ་ཧེ་རམ་པ།