གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་གསུམ་པ།

 二维码 153
发表时间:2020-02-15 00:29作者:སྤེན་ནོར།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་གསུམ་པ།


རྩོམ་པ་པོ། སྤེན་ནོར།


         ༣   ༽   སྨྱུག་མར་སོ་གཏོང་ཚུལ།

         བཤད་ཟིན་ལྟར་སྨྱུག་མ་དང་སི་བདམས་རྗེས་ལམ་སེང་སྨྱུ་གུ་བཟོ་གཏུབ་བམ་སྙམ་ན་མ་ཡིན་ཏེ། འཇམ་མགོན་མི་ཕམ་པས། སྣུམ་བྱུག་སྟེ་དུད་ཁའམ་མེ་ཉེར་བསྲོ་བྱུག་བྱས་པས་སྲ་བར་འོང་། ཞེས་དང་། ཀོང་སྤྲུལ་རིན་པོ་ཆེས། སྨྱུག་རྣམས་ཡུན་རིང་དུད་ཁང་དུ། །བཏགས་ལ་བ་རྐང་རྙིང་པ་རབ། །མ་རྙེད་རྐང་མར་རྙིང་པ་བྱུགས། །ཡོས་ཚན་ནང་བཅུག་འཇམ་གྱིས་ཕྱི།། རུས་པ་ལྟ་བུར་མཁྲེགས་པར་འགྱུར།། ཞེས་བསྟན་པ་ལྟར། སྨྱུག་མ་བཅད་རྗེས་རབ་བྱུང་ན་བའི་རྐང་མར་དང་། དེ་མ་རྙེད་ན་རྐང་མར་རྙིང་པ་གང་རུང་ལེགས་པར་བྱུགས་ནས་ཐབ་ཀའི་དུད་པ་རྒྱུགས་སར་ཡུན་རིང་བཀལ། དེ་ནས་ཕབ་སྟེ་བརྔོས་མ་ཐག་པའི་ཡོས་ཚན་ནང་བཅུག་རྗེས་དྲིལ་ཕྱིས་མང་ཙམ་བྱས་པས་སྲ་བ་རུས་པ་ལྟ་བུ་དང་། མཁྲེགས་པས་ཆུས་བརླན་དཀའ་བ་འབྱུང་ཞིང་།   དེ་གཉིས་བྱུང་བས་ཡུན་རིང་བྲིས་ཀྱང་སྨྱུག་ཁ་མི་ཟད་མི་འགྱུར་བ་ཡིན་ནོ།།

        ༤   ༽   སྨྱུག་ཁ་བཅོས་པའི་སྨྱུག་གྲི་བཤད་པ།

        སྨྱུག་གྲི་ནི་བོད་ཡིག་འབྲི་མཁན་ལ་མེད་ཐབས་མེད་པའི་གཅེས་ནོར་ཞིག་ཡིན་སྟབས། དེའི་སྐོར་ལ་དྲན་དབང་མང་པོས་སློབ་སྟོན་གནང་ཡོད།   དེའང་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ལས། ལྕགས་རིགས་བཟང་ཞིང་མགར་འཕྲུལ་མཁས་ལ་གཏུགས།།ཞུན་ཐར་འཐེན་ཞིང་ངར་དང་ལྡན་པར་བྱ། །ཁ་སྲབ་ལྟག་པ་མཐུག་ལ་བྲང་ང་གཞོལ། །རྩེ་མོའི་ཚག་ལོན་དྲང་ང་ཐིག་ཐེབས་པའི། །དེ་འདྲའི་སྨྱུག་གྲི་ཡོན་ཏན་ལྡན་པ་དེ། །ཞེས་འབྱུང་བ་ལྟར། སྨྱུག་གྲིའི་རྒྱུ་ལྕགས་རིགས་བཟང་པོ་དེ་མགར་བ་བཟོའི་འཕྲུལ་ལ་མཁས་པ་ཞིག་ལ་གཏུགས་ཏེ་བསྲེག་བཅད་རྡུང་གསུམ་གྱིས་ཞུན་ཐར་འཐེན་ཞིང་ཚ་ཆུས་ལྕགས་ལ་ངར་བཏང་ཐོག གྲི་དབྱིབས་དེ་རྣོ་ལེན་བདེ་ཕྱིར་ཁ་ངོས་སྲབ་ལ། ཤུགས་ཚུད་པའི་ཆེད་དུ་ལྟག་པ་མཐུག་པ། གཅོད་བདེ་ཕྱིར་གྲིའི་བྲང་ང་གཞོལ་བ། རྩེ་མོའི་ཚག་ལོན་པ་སྟེ་ཐུང་དྲགས་པ་དང་ཡ་ཡོ་སོགས་མེད་པར་བྱས་ཐོག   གཞོལ་བའི་བྲང་ང་འདྲོང་པས་ཐིག་བཏབ་ཀྱང་ཐེབས་པ་བཅས་དགོས་པ་ཡིན། ལྕགས་ལ་ངར་ཆེན་དང་ངར་ཆུང་གི་ཁྱད་ཡོད་པས་རྡར་ཚུལ་ཡང་མི་འདྲ་སྟེ། འཇུ་མི་ཕམ་པས། ངར་ཆུང་ཐད་ཀར་བརྡར་བས་རྣོ་ཁ་མྱུར་དུ་ལེན། །ངར་ཆེན་བསྐོར་ཞིང་བརྡར་བས་སོ་ཁ་འགུག་མི་འགྱུར། །གསུངས་པ་ལྟར། ངར་ཆུང་རྣོ་ལེན་བདེ་བས་འཇམ་རྡར་ཁོ་ན་བྱེད་དརྒོས་པ་དང་། ངར་ཆེན་རྣོ་ལེན་དཀའ་བས་སྔོན་ལ་རྩུབ་རྡར་དང་། དེ་ནས་འཇམ་རྡར་གྱིས་བསྐོར་ཞིང་བརྡར་བས་སོ་ཁ་མི་འགུག་པར་རྣོ་ཤིན་ཏུ་བརྟན་པ་འབྱུང་ངོ་།   །སྨྱུག་གྲིའི་ངར་བརྟན་པའི་ཕྱིར་རྡར་ཆུའི་ནང་དུ་གཙོད་ཀྱི་ཁྲག་དང་།ཨ་རུ་ར་ཕྲན་ཙམ་འདེབས་པ་མན་ངག་གོ།

        གཞན་ཡང་། སྨྱུག་གྲི་རྡར་རྡོ་དག་ལ་བཙལ། །ཞེས་འབྱུང་བ་ལྟར། སྨྱུག་གྲི་དང་དེ་རྡར་བྱེད་རྡར་རྡོ་གཉིས་ཁ་མི་བྲལ་ལ། རྡར་རྡོ་ལ་འཛིང་རྡོ་དང་། ལྕོག་རླབས་རྡོ་སོགས་གཅེས་པར་བརྟེན་དགོས་པ་ཡིན་ནོ༎

མུ་འགོད


ཡིག་གཏགས་པ་དང་རྩོམ་སྒྲིག་པ་ཧེ་རམ་པ།