收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་དང་པོ།

 二维码 816
发表时间:2020-01-31 17:06作者:སྤེན་ནོར།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བོད་ཀྱི་སྨྱུ་གུའི་མན་ངག་བསྟན་པ་ལས་ཁག་དང་པོ།


རྩོམ་པ་པོ། སྤེན་ནོར།


         བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་བཅོ་བརྒྱད་བསྟན་པ་དང་། བྱེ་བྲག་ཏུ་སྨྱུ་གུའི་མན་ངག་བསྟན་པ་གཉིས་སོ།།

         ༡ ཡིག་མཁན་གྱི་གཅེས་ནོར་བཅོ་བརྒྱད་བསྟན་པ།

        ཡིག་བཤད་ཀླུ་དབང་མགུལ་རྒྱན་ལས། སྣག་ཀོང་མཚལ་ཀོང་སྤྱིན་ཀོང་གསུམ། །སྣག་ཚ་མཚལ་དང་དྭངས་སྤྱིན་གསུམ།། སྨྱུ་གུ་སྨྱུག་གྲི་གསེག་སྦུབ་གསུམ།། ཁམ་བྲེག་ཐིག་ཤིང་མཐེབ་གདན་གསུམ། ། གཟི་དང་དབུར་གླེགས་སྤུ་ཆོད་གསུམ། ། ལྕགས་ཀྱོང་འཇམ་རྡར་ཏིལ་མིག་གསུམ། ། དྲུག་གསུམ་བཅོ་བརྒྱད་ཉེར་མཁོའི་རྫས། །ཞེས་བསྟན་པ་ལྟར། བོད་ཀྱི་ཡིག་མཁན་ལ་མཁོ་བའི་གཅེས་ནོར་ལ་བཅོ་བརྒྱད་དེ། སྣག་ཚའི་སྣག་ཀོང་ངམ་སྣག་བུམ། མཚལ་གྱི་མཚལ་ཀོང་། སྤྱིན་གྱི་སྤྱིན་ཀོང་། སྣག་ཚ། མཚལ། སྤྱིན། སྨྱུ་གུ། སྨྱུག་གྲི། གསེག་སྦུབ་བམ་སྨྱུག་སྒྲོག   ཤོག་བུ་བྲེ་ཁ་བྲེག་བྱེད་ཁམ་བྲེག   ཐིག་ཤིང་། ཤོག་བུ་བྲེག་སྐབས་མཁོ་བའི་མཐེབ་མཛུབ་ཀྱི་ཤུབས་སམ་མཐེབ་གདན། ཤོག་བུ་དབུར་བྱེད་མཆོག་གྱུར་གཟི།   གཞན་དུང་དང་མཆོང་དང་གཡག་གི་རྭས་ཀྱང་རུང་། དབུར་གདན་རྡོ་འཇམ་མམ་བྱང་ཤིང་སོགས་ལས་བྱས་པའི་དབུར་གླེགས།   ཤོག་བུ་སྤུ་ཅན་གྱི་སྤུ་གཅོད་པའི་རྡོ་རིལ་དཀར་སོབ་སྤུ་ཆོད། སྣག་ཚ་གདུལ་སྣོད་ལྕགས་ཀྱོང་། སྨྱུག་གྲི་བརྡར་བྱེད་འཇམ་རྡར་བཅས་ཡིན་པར་བདག་གི་བཤེས་གཉེན་བྲིས་ཆེན་འཕྲིན་ལས་དཔལ་འབྱོར་གྱིས་གསུངས་ལ། ཏིལ་མིག་ཅེས་པ་མཐེབ་ཀྱོང་ལ་ཟེར་རམ། ཐིག་སྒྲོམ་ལ་ཟེར་བླུན་རྨོངས་བདག་གིས་བཤེས་གཉེན་དམ་པའི་གསུང་མ་ངེས་པས་ཁ་ཚོན་མ་ཆོད། མཐེབ་ཀྱོང་ནི། ཚུགས་ཐུང་མན་གྱི་ཡིག་ཆུང་འབྲི་སྐབས་སི་སྨྱུག་སྤྱོད་ལ།   སྣག་ཚའང་ཕོན་ཆེན་མི་དགོས་པས་ལག་གཡོན་མའི་མཐེབ་མཛུབ་ལ་ཚིགས་ཁེབས་ལྟར་བསྐོན།   དཀྱིལ་གྱི་ཀོང་བུར་སྣག་ཚ་ཉུང་ངུར་བླུགས་པའི་སྣག་སྣོད་ཤིན་ཏུ་འཁྱེར་བ་དེའི་མིང་ངོ་།། དཀྱིལ་གྱི་ཀོང་བུ་དེ་བྱ་ཏི་ཏིའི་མིག་ལྟར་དུ་ཡོད་པ་གང་ཞིག   སྣག་ཚ་ནག་པོ་བླུགས་ན་དེ་བས་འདྲ་བས་ཏི་མིག་ཅེས་དེ་ལ་ཟེར་རམ་སྙམ། ཐིག་སྒྲོམ་ནི། དཔེ་ཆར་ཐིག་གཏོང་བྱེད་ཀྱི་སྒྲོམ་བུ་སྟེ། ཤིང་ལེབ་གཉིས་ཀྱི་ངོས་སུ་གླེགས་བུའི་ཞེང་དང་འཚམ་པའི་བུ་ག་ལྔ་འམ་བདུན་སོགས་ཕུག་པ་ལས་ཐིག་སྐུད་དྲངས། སྐྱེར་ཁུ་སོགས་བྱུགས་པའི་ཐིག་སྐུད་ཀྱི་སྟེང་འོག་ཏུ་ཐིག་གཏོང་བྱའི་ཤོག་སྡེབས་བཞག་ནས་ཤེད་རན་པོས་ངོས་གཅིག་ལ་དེད་པས་དེད་ཐེངས་གཅིག་ལ་ཤོག་བུ་ངོས་གཉིས་ལ་ཐིག་དོད་པ་ཡིན། དེའི་ཤིང་ལེབ་གཉིས་ཀྱི་སྟེང་དུ་ཏིལ་གྱི་མིག་ལྟ་བུའི་བུག་པ་ཆུང་ངུ་མང་དུ་ཡོད་པས་ཏིལ་མིག་ཅེས་དེ་ལ་ངོས་འཇིན་ཁུལ་ཏེ། མཁྱེན་ལྡན་རྣམ་པས་བརྟག་པར་བྱ།

        རྒྱའི་ལུགས་ལ་སྨྱུ་གུ་དང་། སྣག་ཚ། ཤོག་བུ། སྣག་དབུར་བཅས་ལ་དཔེ་ཁང་གི་གཅེས་ནོར་བཞི་ཞེས་གྲགས་ཀྱང་། གོང་དུ་བཀོད་པ་དེ་རྣམས་ནི་དྲུག་གསུམ་བཅོ་བརྒྱད་ཀྱི་གྲངས་དང་ལྡན་པའི་བོད་ཀྱི་ཡིག་མཁན་གྱི་གཅེས་ནོར་རྣམས་ཡིན་པར་སྔོན་བྱོན་དྲན་དབང་ཚོས་གསུངས་སོ།།


14.jpg



མུ་འགོད

ཡིག་གཏགས་པ་དང་རྩོམ་སྒྲིག་པ་ཧེ་རམ་པ།