设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡིག་གཟུགས་ཀྱི་སྒྱུ་རྩལ་ནི་ཤིན་ཏུ་གལ་ཆེའི་རང་བཞིན་ཡིན་པར་དཔྱད་པ།

 二维码 441
发表时间:2020-01-21 22:59作者:ཨ་སྒྲུབ་བླ་མ་བསྟན་འཛིན་ཐབས་མཁས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།



ཡིག་གཟུགས་ཀྱི་སྒྱུ་རྩལ་ནི་ཤིན་ཏུ་གལ་ཆེའི་རང་བཞིན་ཡིན་པར་དཔྱད་པ།

———ཨ་སྒྲུབ་བླ་མ་བསྟན་འཛིན་ཐབས་མཁས།


       མ་གཞི་བཤད་ན་ཁོ་བོ་སློབ་གསོ་སྡེ་ཁག་གི་མི་སྣ་ཞིག་མིན་པར་བདེན་ལ།དེ་བས་ཀྱང་ཡིག་གཟུགས་ཆེད་གཉེར་གྱི་ལས་ཀ་སྒྲུབ་མཁན་ཞིག་མིན་མོ་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་དང་།བློ་རྩེ་ཉི་ཤུ་རྩ་བཀོད་ཚེ།འདི་ལྟ་བུ་ཞིག་མི་བཤད་ཀ་མེད་བྱུང་འདུག་པ་འདྲ།སྤྱིར་ང་ཚོས་མི་རིགས་ཤིག་གི་ཆོ་ལོ་བཟུང་དུས་སྐད་ཡིག་གཉིས་ནི་ཆེས་གལ་འགངས་ཆེ་བའི་ཚེ་སྲོག་ལྟ་བུ་ཞིག་དུ་གྲུབ་འདུག་པ་ནི་ཚང་མས་ཤེས་གསལ་ལྟར་ལགས་པས་ཡོན་ཏན་ནི་སྐད་ཡིག་ལ་མི་བརྟེན་ཀ་མེད་ཡིན་སྟབས།

      ང་ཚོའི་སྤྱི་མཐུན་གྱི་ཚེ་སྲོག་ཉག་མ་གཅིག་པོའི་སྐུད་པ་ཆད་དུ་མི་འཇུག་པར་ཚ་ཚ་འུར་འུར་གྱི་ངང་ནས་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱས་ནས་འཛམ་གླིང་རང་བཞིན་གྱི་མདུན་གྲལ་ལམ་མི་རིགས་རང་བཞིན་གྱི་སྟེགས་བུ་ཞིག་ཏུ་འབུད་དགོས་པའི་ཅོང་བརྡ་ཞིག་མ་གཏོང་ངང་གིས་གོ་དགོས་པ་ལྟ་བུ་ཞིག་ཏུ་གྱུར་འདུག་པ་ནི་རྒན་བྱིས་བར་མ་ཀུན་ལ་ཐོག་མར་སློབ་གསོ་སྡེ་ཁག་སོ་སོ་ནས་མགོ་བརྩམ་སྟེ་སྒྲུབ་དགོས་པའི་འོས་འགན་ལྟ་བུ་ཞིག་དུ་གྱུར་པར་གོར་མ་ཆག་པ་སེམས།

     སྤྱིར་བཤད་ན།དགེ་རྒན་ནི་མི་རིགས་ཤིག་གི་བླ་སྲོག་བཟོ་སྐྲུན་པ་ཞིག་ཡིན་པས་སློབ་གསོའི་སྤུས་ཚད་བསྐྱེད་བསྲིང་བྱེད་པ་དང་སྦྲགས་ནས་ཡིག་གཟུགས་ནི་མི་རིགས་ཤིག་གི་ཚེ་སྲོག་རིན་ཐང་ཅན་ཞིག་ཡིན་པར་དངོས་སུ་ར་སྤྲོད་བྱེད་པ་དགོས་པ་མ་ཚད་ལག་བསྟར་དངོས་སུ་བྱས་ཏེ།སློབ་གྲྭའི་སློབ་ཁྲིད་ཀྱི་རྩ་དོན་ཐོག་ཏུ་ཡིག་གཟུགས་འབྲི་བའི་སློབ་ཁྲིད་ཀྱི་དངོས་གཞི་ཡོད་པར་བྱེད་དགོས་པ་དང་གཅིག   རྒྱུན་དུ་ཡིག་གཟུགས་འགྲན་བསྡུར་དང་བཤམ་སྟོན་བྱས་ནས་བྱ་དགའ་དང་དཔང་ཡིག་རབ་དང་རིམ་པ་སྤྲོད་དགོས་པ་དང་གཉིས།ཡིག་གཟུགས་ལེགས་པོ་རྣམས་བསལ་ཏེ་དུས་དེབ་དང་ཚགས་པར་ལས་ཁུངས་སོ་སོ་ལ་འབྲེལ་གཏུག་བྱས་ནས་དེའི་ཐོག་ཏུ་འགོད་དགོས་པ་དང་གསུམ།

        ད་དུང་ཞིང་ཆེན་དང་ཁུལ་རྫོང་ཡོངས་ཀྱི་ཡིག་གཟུགས་ནང་དུ་ཞུགས་པའི་གོ་སྐབས་དང་ཁོར་ཡུག་སྐྲུན་དགོས་པ་མ་ཚད་སློབ་གྲྭ་སོ་སོའི་བར་དུ་ཡིག་གཟུགས་དང་རྩོམ་རིག་སོགས་འགྲན་བསྡུར་བྱེད་པའི་རེ་བ་འདོན་སྤེལ་བྱས་ཏེ་མཉམ་འབྲེལ་བྱེད་པ་བཅས་ཀྱི་བསམ་བློ་ཡར་སྐུལ་གྱི་འདུན་པ་སྔར་བའི་ཆེས་ཆེར་སྔོན་འདོན་དང་ཡིག་གཟུགས་ཆེད་གཉེར་གྱི་དུས་དེབ་དང་ཚགས་པར་སོགས་ཡོད་པར་བྱེད་དགོས་པར་སེམས།སྤྱིར་ཡིག་གཟུགས་ཅེས་པའི་ཐ་སྙད་འདིའི་ནུས་པ་ངོ་བོ་གཉིས་ལས་དང་པོ་ནུས་པ་ལ་བསམ་གཞིགས་བྱེད་སྐབས།

     རིག་གཞུང་གི་སྒྲོམ་གཞི་གྲུབ་བྱེད་དང་མི་རིགས་ཀྱི་རྒྱབ་གྱང་མཚོན་པའི་ལོ་རྒྱུས་ཀྱི་མ་ལག་གྲུབ་བྱེད་ཡིན་བཅས་བཤད་ཀྱང་ཆོག དེང་རབས་ཚན་རྩལ་ལག་ཆས་བེད་སྤྱོད་བྱས་ཏེ་རྩིས་འཕྲུལ་གྱི་ཐོག་ནས་ཡི་གེ་རྒྱག་སྲོལ་ཡོད་པ་སོགས་ནི་སྟབས་བདེ་བོ་ཡིན་ཡང་།དོན་དུ་སྒྱུ་རྩལ་གྱི་ཉམས་འགྱུར་དང་རིན་ཐང་མེད་ལ་ལག་པས་འབྲི་བའི་གོམས་སྲོའི་ནུའི་ཚད་ཀྱང་དམའ་རུ་འགྲོ་བའི་ཉེན་ཁ་ཚབས་ཆེན་ཞིག་བསག་གིན་ཡོད་པ་མ་ཚད།ཆ་རྐྱེན་གང་མང་ཞིག་གིས་རམ་འདེགས་མེད་ཚེ་ཁྱོད་རང་ལག་པ་མེད་པའི་མྱི་ལྟ་བུ་ཞིག་ཏུ་ཆགས་འགྲོ་གིན་ཡོད་སྟབས།ཐོག་མ་ཉིད་ནས་“ཕམ་ཁ”ཅེས་པའི་ཐ་སྙད་དེ་གཉིས་པོ་དང་ལེན་མ་བྱེད་པར་སློབ་ཆུང་དང་སློབ་འབྲིང་གི་སྒོ་ཐེམ་བརྒལ་དུས་ནས་བཟུང་ཡིག་གཟུགས་འབྲི་གོམས་སྲོལ་དང་ཆུ་ཚད་ཀྱང་མི་དམན་པ་ཞིག་ཡོད་དགོས་མ་གཏོགས་བྲིས་ངན་མྱིས་མི་ཤེས།ཞག་གསུམ་བཞག་ན་རང་གིས་མི་ཤེས་ཅེས་པའི་དཔེ་རུ་འགྲོ་སྲིད་པས།དེ་ལ་ལྕང་ཞབས་འགྱུར་མེད་ཚེ་དབང་ལགས་ཀྱིས་གསུང་བ་ལྟར་ཆུང་བྱིས་པའི་དུས་ནས་བྲིས་གཟུགས་འབྲི་སྦྱོང་གི་ལས་ལ་གཙོ་བཟུང་བྱེད་རྒྱུ་འདི་ནི་བྲིས་དར་སྤེལ་གཏོང་བའི་ཐབས་སམ་བྲིས་གཟུགས་ཡག་པོ་ཡོང་བའི་ཐབས་མཆོག་ཅིག་རེད་ཅེས་དང་།ཡང་།དཔེར་ན་དབུས་གཙང་ཕལ་མོ་ཆེའི་ཡུལ་སོགས་སུ་ཆུང་དུས་ནས་བྲིས་གཟུགས་འབྲི་སྦྱོང་དང་རྩོམ་ཡིག་འབྲི་རྒྱུའི་ལུགས་སྲོལ་དར་ཆེ་བས་རྩོམ་ཡིག་འབྲི་བ་དང་འཁྱུག་བྲིས་ཀྱི་ཆ་ལ་བྱང་ཆ་ཆེ་ཞེས་གསུངས་བ་བཞིན།   སློབ་གྲྭ་ཆུང་འབྲིང་ཁག་ནས་མགོ་རྩོམ་སྟེ་ཡིག་གཟུགས་ལེགས་པོ་ཞིག་འབྲི་རྒྱུ་ནི་དོན་ཆུང་ལ་འུར་ཅོ་མ་ཡིན་པར། རིག་གཞུང་དང་ལོ་རྒྱུས་ཡུལ་ལུགས་མི་འདྲ་བར་སྐད་བརྡ་སྤྲོད་བྱེད་དང་མི་རིགས་ཀྱི་ཚེ་སྲོག་བསྲིང་བའི་སྒྱུ་རྩལ་གྱ་ནོམ་པ་ཞིག་ལ་མཐོང་ཆེན་བྱེད་གིན་ཡོད་པས་ཚང་མས་ཁ་ཚ་དགོས་གཏུག་གི་བསམ་བློ་ཞིབ་མོ་ཞིག་གཏོང་བར་འཚལ།

      གཉིས་པ་ཡིག་གཟུགས་ཀྱི་ངོ་བོ་དང་ལོ་རྒྱུས་ལ་གཞིགས་པ་ཁག་གཅིག་གི་བཤད་པ་ལྟར་ན།ངོ་བོ་སྒྲ་མཚན་དང་གཟུགས་མཚན་སོགས་ཀྱི་སྡོམ་ཚིག་བཀོད་བཏང་མི་འདྲ་བ་དུ་མ་ཡོད་ཀྱང་སྐབས་སུ་བཤད་པའི་ཡིག་གཟུགས་ཅེས་པ་ནི་གཟུགས་མཚན་གྱི་ཡི་གེ་བཅས་བཤད་ཆོག་ཀྱང་ཞིབ་ཏུ་བཤད་ན།དེ་ལ་ཡང་ཡིག་གཟུགས་བྱུང་རིམ་དང་ལོ་རྒྱུས་ཀྱི་ཆ་ལ་ཡང་བཤད་སྲོལ་མི་འདྲ་བ་དུ་མ་འདུག་ཀྱང་།ཁོ་བོས་རེ་རེ་བཞིན་ཡིག་ཚོགས་མང་བར་སེམས་ཏེ་མ་བཀོད་དོ།།དེ་མིན་ལོ་རྒྱུས་དང་འགྱུར་བ་སོགས་ཀྱི་ཐད་ནས་བཤད་སྲོལ་མི་འདྲ་བ་དེ་དག་ལ་ཡང་དཔྱད་པ་བརྡར་ཤ་གཅོད་པའི་གནས་དུ་མ་ཞིག་འདུག་ཀྱང་མུ་མཐུད་རྗེས་སོར་བཤད་ན་བསམ།


རྩོམ་སྒྲིག་པ། ཧེ་རམ་པ།

ཡིག་གཏགས་པ་མགོན་པོ་དོན་གྲུབ།

ཞུ་དག་པ། མགོན་པོ་དོན་གྲུབ།