གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐེ་བོ་རྫོང་ནས་ཡིག་གཟུགས་ཀྱི་བྱེད་སྒོ་སྤེལ་བ།

 二维码 332
发表时间:2020-01-18 00:25作者:ཧེ་རམ་པ།来源:ཀྲུངགོའི་བོད་ཀྱི་ཡིག་གཟུགས་དྲ་བ།


         ༢༠༢༠ལོའི་དཔྱིད་གསར་དུས་ཆེན་རིང་ཐེ་བོ་རྫོང་གི་ཡིག་གཟུགས་མཐུན་ཚོགས་ཀྱིས“བསོད་ནམས་དང་དཔྱིད་གསར་མཉམ་འབྲེལགྱི་བྱེད་སྒོ་སྤེལ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིག་རྩལ་ལས་དོན་གཞི་རིམ་ལ་ཁ་ཕྱོགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བ། ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་དང་སྒྱུ་རྩལ་བརྩམས་ཆོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བའི་ཐད་ཀྱི་དགོས་མཁོ་གསར་པའམ་རེ་སྒུག་གསར་པ་ཟམ་མི་ཆད་པར་བསྐངས་ནས་ཐེ་བོ་མི་དམངས་མང་ཚོགས་ཀྱི་རིག་གནས་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་ཡིན། ཐེ་བོ་རྫོང་གི་ཡིག་གཟུགས༼   བོད་རྒྱ་ ༽   མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི་༡༡གིས་༢༠༢༠ལོའི་ཟླ་༡ཚེས་༡༢ཉིན་རྫོང་ལྟེ་བའི་ཐང་ཆེན་དུ“བསོད་ནམས་དང་དཔྱིད་གསར་ཤིས་ཚིག་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་བཀྲ་ཤིས་བདེ་སྐྱིད་དང་དཔྱིད་གསར་སྨོན་ཚིག་༢༠༠ལྷག་ཙམ་ས་གནས་མང་ཚོགས་ལ་སྤྲད། དེ་དང་ཆབས་ཅིག་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡིས་སྒྲིག་འཛུགས་བྱས་པའི“ངའི་ཀྲུང་གོའི་ཕུགས་འདུན”གྱི་རིག་གནས་གཤམ་སྟོན་བྱེད་སྒོར་ཞུགས་ནས་ཐེ་བོ་རྫོང་གི་མི་སེར་ལ་བདེ་སྐྱིད་བསྐྲུན་པ་དང་དཔྱིད་གསར་ཤིས་ཚིག་བསྐྱལ་བ་མ་ཟད། ཐེ་བོ་རྫོང་གི་སྣོད་བཅུད་ཤེས་དཔལ་ལྡན་པའི་གྲོང་ཚོར་ཡིག་གཟུགས་བརྩམས་ཆོས་༨༠ལྷག་ཕུལ་ནས་རིགས་སོ་སོའི་མི་དམངས་རྣམས་ལ་ལོ་གསར་སྤྲོ་སྐྱིད་ཡོང་བ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུས་པ་རེད།

微信图片_20200118124138_副本.jpg