གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

2020ལོའི་ཆེས་ཐོག་མའི་ཡིག་གཟུགས་ཀྱི་མཆོད་པ།

 二维码 1552
发表时间:2020-01-01 10:30作者:འདན་ཚ་འཇམ་དབྱངས་ཆོས་དར来源:ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།

2020ལོའི་ཆེས་ཐོག་མའི་ཡིག་གཟུགས་ཀྱི་མཆོད་པ།


ཤིས་ཚིག་མཆོད་སྤྲིན་སོ་ལྔ་བ།



           འདན་ཚ་འཇམ་དབྱངས་ཆོས་དར་ལགས་ནི་སྤྱི་ལོ་༡༩༨༠ལོའི་ཟླ་༡༡པའི་ཚེས་༣༠ཉིན་ བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་འདན་ཁོག་ནུབ་མ་ལྡན་མ་ཐུབ་བསྟན་ཆོས་འཁོར་གླིང་གི་ཉེ་འདབ་ལྕང་རགས་སྡེ་པར་སྐྱེས།   ༢༠༠༡ལོ་ནས་བཟུང་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་སློབ་གཉེར་བྱས།    ༢༠༡༠ལོའི་ཟླ་༩པར་ཆབ་མདོ་གྲོང་ཁྱེར་སྐབས་དང་པོའི་དགེ་རྒན་གྱི་གཞི་རྩའི་ནུས་རྩལ་གྱི་ཡི་གཟུགས་འགྲན་བསྡུར་ཁྲོད་༼འཁྱུག་ཡིག༽ཨང་དང་པོའི་བྱ་དགའ་ཐོབ།        ༢༠༡༨ལོའི་ཟླ་༥པར་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་༼འཁྱུག་ཡིག༽ཨང་དང་པོ་དང་༼འབྲུ་ཚ༽ཨང་གཉིས་པ་༼དབུ་ཅན༽ཨང་གཉིས་པ་༼སྣ་ཚོགས༽ཨང་དང་པོ་བཅས་ཀྱི་བྱ་དགའ་ཐོབ།       ༢༠༡༨ལོའི་ཟླ་༡༢པར་གྲོང་ཁྱེར་ཡོངས་ཀྱི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་ཆེན་ཁྲོད་༼འདྲེན་འཁྱུག༽ཨང་དང་པོ་དང་༼ཚུགས་རིང༽ཕུལ་བྱུང་གི་བྱ་དགའ་ཐོབ།       ༢༠༡༨ལོའི་ཟླ་༡༢པར་དེང་རབས་སྒྱུ་རྩལ་འགྲན་བསྡུར་ཆེ་མོའི་དྲ་བས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཡིག་རིས་འགྲན་བསྡུར་སྐབས་དགུ་པར་བྱ་དགའ་རིམ་པ་གཉིས་པར་བདམས།       ༢༠༡༩ལོའི་ཟླ་༤པར་དུས་ཐེངས་ལྔ་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཡིག་གཟུགས་དགེ་རྒན་གསོ་སྦྱོང་འཛིན་གྲྭའི་ཕུལ་བྱུང་གི་སློབ་མའི་མཚན་སྙན་ཐོབ་པ་དང་།           ༢༠༡༩ལོའི་ཟླ་༦པར་ཆབ་མདོ་གྲོང་ཁྱེར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་༧༠འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཡིག་གཟུགས་འགྲན་བསྡུར་ཁྲོད་༼སྡེར་ནང་ས་བྲིས༽ཨང་གཉིས་པའི་བྱ་དགའ་ཐོབ།      ༢༠༡༩ལོའི་ཟླ་༩པར་ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་དམིགས་བསལ་ཨང་དང་པོའི་བྱ་དགའ་ཐོབ།     ༢༠༡༩ལོའི་ཟླ་༡༠པར་བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ལྗོངས་རིམ་པའི་ཡིག་གཟུགས་འགྲན་ཆེན་ལས་ཨང་དང་པོའི་བྱ་དགའ་ཐོབ།    ༢༠༡༩ལོའི་ཟླ་༡༠པར་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།       གཞན་ཡང་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་༼ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི༽ཚོགས་མི་དང་༼བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི༽ཚོགས་མི།      ༼ཞང་བོད་ཡིག་གཟུགས་ཚོགས་པའི་༽ཚོགས་མི།   ༼མཚོ་ལྷོའི་ཡིག་གཟུགས་ཚོགས་པའི་༽ཚོགས་མི།   ༼དཔལ་ནཱ་ལེནྡྲའི་ཡིག་གཟུགས་ཚོགས་པའི་༽ཚོགས་མི།     ༼སྡེར་ནང་ས་བྲིས་ཡིག་གཟུགས་ཚོགས་པའི་༽ཚོགས་མི།      ༼མ་ཡིག་གཟུགས་རིས་ཡིག་གཟུགས་ཚོགས་པའི༽ཚོགས་མི།      ༼ཡིག་གཟུགས་མེ་ལོང་ཚོགས་པའི་༽ཚོགས་མི།     ༼ཆོལ་གསུམ་ཡིག་གཟུགས་ཚོགས་པའི་༽ཚོགས་མི།     ༼སྡེ་བྲིས་གླིང་གི་༽ཚོགས་མི།   ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་༼བོད་ཤར་ཡིག་གཟུགས་གླིང་གི་༽ཚོགས་གཙོ་རུ་འདེམས་ཐོན་བྱུང་ཡོད།