设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

བསྟན་ཆོས།

 二维码 938
发表时间:2019-12-15 21:20作者:བསྟན་ཆོས།来源:བོད་ཀྱི་ཡིག་གཟུགས་དྲ་བ།


སྨྱུག་འཛིན་པ་བསྟན་ཆོས་ཀྱི་འགྲེམ་སྟོན་ཁང་།


            གཞོན་སྐྱེས་སྨྱུག་འཛིན་པ་བསྟན་ཆོས་སམ་སྨྱུག་མིང་གཙང་པ་ཨ་བསྟན་དུ་འབོད་པ་ཁོང་ནི།   སྤྱི་ལོ་༡༩༨༣ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དགེ་སྡིངས་གྲོང་བརྡལ་ཁོངས་སུ་སྐྱེས།     ཆུང་དུས་ནས་ཡབ་ཀྱིས་བཀའ་སློབ་དང་ཤུགས་རྐྱེན་འོག་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་ལ་དགའ་མོས་དང་སྦྱངས་པ་ལྷོད་མེད་བྱས་།    ༢༠༠༤ལོར་སློབ་ཆེན་མཐར་ཕྱིན་རྗེས།    སྔ་རྗེས་སུ་ཁོང་གི་བརྩམས་ཆོས་ཁག་གཅིག་སྦྲང་ཆར་དུས་དེབ་དང་ཨ་མྱེས་རྨ་ཆེན་འཕྲིན་ཕྲན་སྤྱི་སྟེགས་དང་།    སློབ་ཆུང་བོད་སྐད་ཡིག་ཐོན་ཁུངས་འཕྲིན་ཕྲན་སྤྱི་སྟེགས་དེ་བཞིན་ལྷོ་ཁའི་ཡིག་གཟུགས་འཕྲིན་ཕྲན་སྤྱི་སྟེགས་སོགས་སུ་སྒེར་གྱི་ཡིག་གཟུགས་ཕྱོགས་བསྡུས་བདམས་བཀོད་གནང་ཡོད་ལ་ལྷག་པར་༢༠༡༧ལོར་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བའི་ཐོག་ཁོང་ལ་མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཁང་ཞིག་གཉེར་བའི་ཆོག་མཆན་ཐོབ་ནས་ད་ལམ་ཡིག་གཟུགས་འགྲེམ་སྟོན་གང་མང་གནང་ནས་ཡིག་གཟུགས་ལ་དགའ་བའི་སྐྱེ་བོ་དག་གི་མིག་གི་བདུད་རྩིར་གྱུར།

        མིག་སྔར་སྤྱི་ཚོགས་ཐོག་གི་ཡིག་མཁན་དང་མཁས་དབང་མང་པོས་གདེང་འཇོག་དང་བསྔགས་བརྗོད་ཐོབ་བཞིན་ཡོད་ལ།   ཡིག་གཟུགས་འགྲན་བསྡུར་ཁག་ནང་གཟེངས་རྟགས་ཀྱང་ཐེངས་མང་ཐོབ་ཡོད།    ལྷག་པར་༢༠༡༦ལོ་ནས་བཟུང་ལྷོ་ཁའི་ཡིག་མཁན་ཆེན་མོ་བ་འཇུ་ཡི་ཤེས་ཚུལ་ཁྲིམས་ལགས་དང་དགའ་ཆེན་པ་རྡོ་རྗེ་ཚེ་རིང་ལགས་གཉིས་དྲུང་ནས་དབུ་མེད་དང་ཨེ་བྲིས་ཀྱི་ཡིག་གཟུགས་ལ་སྦྱངས་པ་དང་ཡིག་གཟུགས་ཀྱི་རྨང་གཞིའི་ཤེས་བྱར་བརྩོན་པ་བྱེད་བཞིན་ཡོད། ད་ལྟ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སློབ་ཆུང་ནང་སློབ་གསོའི་ལས་ལ་རོལ་བཞིན་མཆིས།



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    



    


བརྩམས་ཆོས་འགྲེམ་སྟོན་ནང་མར་ཕེབས་དང་མུ་མཐུད་དུ་ཡོད་དོ།



上一页 1 2 下一页