གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་མཁན་བསླབ་གསུམ།

 二维码 5492
发表时间:2019-12-11 11:55作者:བསླབ་གསུམ།来源:བོད་ཀྱི་ཡིག་གཟུགས་དྲ་བ།



བོད་ཀྱི་ཡིག་མཁན་རྒན་བསླབ་གསུམ་གྱི་མཚམས་སྦྱོར་མདོར་བསྡུས།


           ༄༅། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པའི་བོད་ཀྱི་ཡིག་མཁན་སྨྱུག་མིང་རིག་པའི་རལ་གྲི་དང་དངོས་མིང་ལ་གཅུང་བསླབ་གསུམ་ལགས་ནི་སྤྱི་ལོ་1980ལོར་མདོ་སྟོད་སོག་རྫོང་ཁོངས་དཀར་ཤོད་ཞེས་པའི་ས་ཆར་ལང་ཚོའི་མྱུ་གུ་སྨིན།   ཆུང་དུས་ནས་རྒན་གཡག་པ་བྱམས་པའི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་སྤྱི་དང་ལྷག་པར་དུ་ལན་ཝར་སོགས་སྦྱངས་པ་མ་ཟད།   རྒན་པད་མ་ཚེ་བརྟན་མདུན་ནས་ལྷ་རིས་དང་། འཇིམ་བཟོ། དཀྱིལ་ཐིག ཤིང་བརྐོས། འབག་བཟོ་སོགས་ལ་ཅུང་ཟད་སྦྱངས་པ་བྱས། བོད་ཀྱི་ཡིག་གཟུགས་མཁས་དབང་རྒན་བསྟན་འཛིན་ལགས་དང་རྒན་རྣམ་རྒྱལ་དབང་གྲགས་ལགས། རྒན་མཛུབ་སྨྱོ་ལྷག་པ་ཚེ་རིང་ལགས། རྒན་བསོད་ནམས་དབང་ཕྱུག་ལགས། སློབ་དཔོན་གསང་བདག་རྡོ་རྗེ་ལགས།   རྒན་རྒྱལ་དགའ་ལགས་སོགས་མཁས་དབང་མང་པོའི་དྲུང་ནས་ཡིག་གཟུགས་སྐོར་བཀའ་འདྲི་དང་ལེགས་བཅོས་གང་མང་བྱས་ནས་ད་ཆར་ཁོང་གིས་གཞུང་བྲིས་ཀྱི་བྲིས་རྒྱུན་ལ་འབད་བཞིན་ཡོད། 2012ལོར་འབྲི་རུ་རྫོང་ཁོངས་ཤག་ཆུ་སློབ་ཆུང་གི་རི་མོའི་དགེ་རྒན་བྱས།2015ལོ་ནས་བཟུང་བོད་སྐད་ཡིག་གི་སློབ་ཚན་འཁྲིད་མཁན་བྱས་པས་ལོ་རིམ་དང་པོའི་སློབ་མཇུག་རྫོང་གཅིག་གྱུར་ཡིག་ཚད་སྐབས་འབྲི་རུ་རྫོང་ཁོངས་འཛིན་གྲྭ་41 ནང་རང་གི་འཛིན་གྲྭར་བོད་ཡིག་ཨང་དང་པོའི་བྱ་དགའ་ཐོབ། ལོ་རིམ་གཉིས་པའི་སློབ་མཇུག་ཡིག་ཚད་སྐབས་ཨང་གསུམ་པ་ཐོབ་པ་དང་ལྷག་པར་དུ་འཛིན་གྲྭ་ཡོངས་ལ་བོོད་ཡིག་ཡིག་གཟུགས་ཀྱི་དགེ་རྒན་བྱས་ནས་རེས་མོས་ཀྱིས་སློབ་ཚན་ཁྲིད་པ་དང་སློབ་གསེང་གི་གཟའ་སྤེན་པ་དང་ཉི་མའི་དུས་ཚོད་བེད་སྤྱད་ནས་དགེ་རྒན་དང་ཁྱིམ་བདག་སློབ་ཕྲུག་བཅས་ལ་འབད་བརྩོན་ལྷོད་མེད་ཀྱི་ཐོག་ནས་ཡིག་གཟུགས་སློབ་ཁྲིད་བྱས་པས་གྲུབ་འབྲས་མི་དམན་པ་ཐོབ་ཡོད། 2016ལོར་ནག་ཆུ་ས་ཁུལ་སློབ་གྲྭ་ཆུང་འབྲིང་རིམ་པའི་དགེ་སློབ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་སྒྱུ་རྩལ་ཡིག་གཟུགས་ཨང་དང་པོའི་བྱ་དགའ་ཐོབ། 2017ལོར་མེས་རྒྱལ་གྱི་མེ་ཏོག མི་རིགས་ཀྱི་རེ་བ་ཞེས་པའི་ལྗོངས་ཡོངས་ཀྱི་སྐབས་དང་པོའི་སློབ་མའི་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ནང་། ཁོང་གི་སློབ་ཕྲུག་ཡིན་པའི་ཤག་ཆུའི་སློབ་ཕྲུག་བདུན་ལ་བྱ་འགའ་ཐོབ་པ་དང་། སྐུ་ཉིད་ལ་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཐོབ་པ་དང་ལྗོངས་ཡོངས་ལ་ཚོགས་པའི་གཟེངས་བསྟོད་གསུམ་ཡོད་པའི་གཅིག་ཤག་ཆུའི་སློབ་གྲྭར་ཐོབ། ལོ་དེ་གའི་ནང་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་རིམ་པའི་དགེ་རྒན་གྱི་སྐབས་གསུམ་པའི་ཡིག་གཟུགས་སྦྱོང་བརྡར་ཐོག་ཡིག་གཟུགས་སྔོན་ཐོན་མི་སྣར་འདེམས་ཐོན་བྱུང་། 2017 ལོའི་འཛམ་གླིང་རྒྱལ་ཡོངས་སྐབས་གསུམ་པའི་དྲྭ་ཐོག་གི་རི་མོ་དང་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཐོག་ཕུལ་བྱུང་མི་སྣའི་བྱ་དགའ་ཐོབ། 2018 ལོར་གཡག་གུའི་པིར་རྩལ་ཞེས་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་བོད་རྒྱ་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ནང་བྱ་དགའ་རིམ་པ་གསུམ་པ་ཐོབ། དྲྭ་ཐོག་ནས་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་ལས་ཨང་དང་པོའི་བྱ་དགའ་གསུམ་ཐོབ་པ་དང་ད་ལོའི་ལྗོངས་ཡོངས་ཀྱི་ཡིག་གཟུགས་སྦྱོང་བརྡར་སྐབས་བཞི་པའི་ཐོག་ཕུལ་བྱུང་མི་སྣར་འདེམས་ཐོན་བྱུང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40 འཁོར་བར་རྟེན་འབྲེལ་ཞུ་བ་དང་2018ལོའི་ནག་ཆུའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་ཡིག་གཟུགས་འགྲེམ་སྟོན་བྱེད་སྒོའི་ནང་ཤག་ཆུའི་སློབ་ཕྲུག་བརྒྱད་དང་ཁོང་བཅས་དགེ་སློབ་དགུ་ཞུགས་ཐུབ་པས་གཟེངས་བསྟོད་རེ་ཐོབ་པ་དང་། ད་དུང་ལོ་དེ་གའི་ནང་ནག་ཆུ་ལམ་བཟང་སློབ་གྲྭས་གཙོ་གཉེར་བྱས་པའི་ཡིག་གཟུགས་དུས་ཆེན་ཉིན་མོར་ཆོལ་གསུམ་ཡིག་གཟུགས་འགྲན་བསྡུར་ནང་ཨང་གཉིས་པའི་བྱ་དགའ་ཐོབ། དེ་ནས་ནག་ཆུ་གྲོང་ཁྱེར་གྱི་སྐབས་གསུམ་པའི་དགེ་སློབ་བོད་རྒྱ་ཡིག་གཟུགས་འགྲན་སྡུར་ཆེན་མོའི་ནང་ཨང་དང་པོའི་བྱ་དགའ་ཐོབ། 2019ལོའི་ཟླ་བ་7 པའི་ནང་ཀྲུང་གོ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ནང་ཚུགས་ཆུང་ཨང་གཉིས་པའི་གཟེངས་བསྟོད་ཐོབ། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་དགེ་རྒན་དང་སློབ་མའི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་དང་འགྲེམ་སྟོན་སྐབས་བྲིས་པའི་རི་མོ་ལ་ཨང་གསུམ་པའི་བྱ་དགའ་ཐོབ། གཞན་ཡང་སྔ་ཕྱིར་ཤག་ཆུར་ཡིག་གཟུགས་འགྲེམ་སྟོན་ཐེངས་ལྔ་དང་ཡིག་གཟུགས་དུས་ཆེན་ཐེངས་གཉིས་ཡིག་གཟུགས་འགྲན་བསྡུར་ཐེངས་དྲུག   འབྲི་རུའི་སློབ་ཆུང་དང་པོའི་ནང་ཡིག་གཟུགས་འགྲེམ་སྟོན་དང་སློབ་ཆུང་གཉིས་པའི་ནང་ཡིག་གཟུགས་འགྲེམ་སྟོན། འབྲི་རུའི་རྟ་རྒྱུག་དུས་ཆེན་སྐབས་ཀྱི་ཡིག་གཟུགས་འགྲེམ་སྟོན་དང་ཤག་ཆུའི་རྟ་རྒྱུག་དུས་ཆེན་སྐབས་ཀྱི་ཡིག་གཟུགས་འགྲེམ་སྟོན། སོག་རྫོང་དཀར་སྨད་ཤང་དང་རྒྱལ་ཆེན་ཤང་གཉིས་ཀྱི་རི་ལྟས་རིག་རྩལ་སྤྲོ་ཚོགས་སྐབས་ཀྱི་ཡིག་གཟུགས་འགྲེམ་སྟོན་དང་འགྲན་བསྡུར་སྐབས་ཀྱི་དཔྱད་འདེམས་སོགས་ཀྱི་ལས་ཀར་ཧུར་ཐག་གིས་ཞུགས་ཡོད། མདོར་ན་ལས་ཞོར་དུ་དགེ་རྒན་དང་སློབ་མ་ཁྱིམ་བདག་སོགས་མང་པོར་ཡིག་གཟུགས་སྐོར་སློབ་ཁྲིད་མང་པོ་བྱས་པས་ཁོང་གི་སློབ་མ་ཁྱིམ་བདག་དང་དགེ་རྒན་སློབ་ཕྲུག་སོགས་ཀྱི་ཁྲོད་ནས་ཕུལ་བྱུང་གི་ཡིག་གཟུགས་མཁས་པའི་སློབ་མ་མང་པོ་ཐོན་དང་ཐོན་བཞིན་ཡོད། ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་ཐེངས་མང་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་བས་ཁྱིམ་བདག་དང་དབུ་ཁྲིད་མང་པོས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་སྦྱིན་བྱུང་ཞེས་དགའ་བསུ་མང་པོ་ཐོབ་ཡོད། སྤྱི་ལོ་2018 ལོའི་ཟླ་བ་10 ཚེས་30 ཉིན་འབྲི་རུ་རྫོང་སློབ་ཆུང་དང་པོའི་ནང་ལས་སྒྱུར་བྱས་ནས་ལོ་རིམ་དང་པོ་ནས་བཟུང་འཛིན་གྲྭ་རྣམས་ལ་ཡིག་གཟུགས་སློབ་ཁྲིད་བྱ་རྒྱུ་དང་འབྲི་རུ་རྫོང་ཐོག་ཏུ་ཡོད་པའི་སློབ་ཆུང་གསུམ་དང་བྱིས་གསོ་ཁང་བཞི་ཡི་བོད་ཡིག་དགེ་རྒན་གཙོས་པའི་བཤེས་གཉེན་རྣམས་པར་ཡིག་གཟུགས་སློབ་ཁྲིད་བྱས་པས་དགེ་རྒན་དང་སློབ་མའི་ཁྲོད་ཚད་ལྡན་གྱི་ཡིག་མཁན་མང་པོ་ཐོན་དང་ཐོན་མུས་སུ་ཡོད་པ་སོགས་སྔར་མེད་ཡིག་གཟུགས་ཀྱི་ཚ་རླབས་ཤུགས་ཆེར་སློང་བ་བཅས་རང་ནུས་ཡོད་རྒུའི་སྲོལ་རྒྱུན་ཡིག་གཟུགས་ཐད་འབད་བརྩོན་བྱེད་བཞིན་མཆིས་སོ།




    





   



   



   



        




         




    




    




    




    




   





上一页 1 2 3 下一页