གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་སྒྱུ་རྩལ་གྱིས་བྱེད་སྒོ་དེར་མཐོ་རླབས་བསྐྲུན་པ།

 二维码 306
发表时间:2019-11-05 16:06作者:ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱིས།来源:བོད་ཀྱི་ཡིག་གཟུགས་དྲ་བ།


ཡིག་གཟུགས་སྒྱུ་རྩལ་གྱིས་བྱེད་སྒོ་དེར་མཐོ་རླབས་བསྐྲུན་པ།


         ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་འགོ་ཚུགས་མཛད་སྒོ་དེ་2019ལོའི་ཟླ་10ཚེས་28ཉིན་ཀླུ་ཆུ་རྫོང་ཕྱུག་ལོངས་བཀྲ་ཤིས་ཐང་ཆེན་དུ་འཚོགས་པ་རེད།

         ཐེངས་འདིའི་མཛད་སྒོའི་སྟེང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་སྐལ་བཟང་ལྷ་མོས་མགོ་འཛིན་མཛད་ཅིང་།   རྫོང་དཔོན་ལྷུན་གྲུབ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དོན་གྲུབ། རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་མགོན་པོ་དབང་འདུ་སོགས་ཀྱིས་གཙོས་པའི་འགོ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་མི་སྣ།   དེ་མིན་མཁར་གྲོང་གི་སློབ་གྲྭ་སོ་སོའི་དང་བླངས་ཞབས་ཞུ་བ་སོགས་སྡོམ་པས་མི་300ལྷག་མཛད་སྒོར་ཞུགས།

         མཛད་སྒོའི་ཁྲོད་དུ་ཀླུ་ཆུའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་མཁན་རྣམས་ཀྱིས་ནང་དོན་ཕུན་སུམ་ཚོགས་ལ། མཉམ་འགྱུར་མངོན་པར་དོད་པའི་ཡིག་རྩལ་ལ་རྟེན་ནས་དང་བླངས་རུ་ཁག་གསར་འཛུགས་ལ་རྟེན་འབྲེལ་ཞུས་ཤིང་། བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་བརྟེན་ནས་རོང་འབྲོག་མང་ཚོགས་དང་ལས་བྱེད་པའི་སྡེ་ལ་དཔལ་ཡོན་ལག་ལེན་དང་བླངས་བའི་ཐོག་མའི་སེམས་འདུན་ཏེ་སློབ་མར་ཞབས་འདེགས་ཞུ་བ་དང་། ཁྱིམ་བདག་ལ་ཞབས་འདེགས་ཞུ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ། དྲོད་ཁོལ་དང་ལྡན་པའི་སློབ་གསོའི་ཁོར་ཡུག་གསར་སྐྲུན་སོགས་བརྗོད་བྱ་བཟུང་བའི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་གྱིས་བྱེད་སྒོའི་ཁྱབ་རྒྱ་ཇེ་ཆེ་དང་མང་ཚོགས་རང་བཞིན་དང་སྒྱུར་རྩལ་རང་བཞིན་མཉམ་འདུས་ཀྱི་བྱེད་སྒོ་ཞིག་ཏུ་འགྱུར་བར་མཐོ་རླབས་གསར་བ་བསྐྲུན།

         ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་དག་གིས་ཡུལ་དངོས་ནས་རང་གི་སྨྱུག་རྩལ་ལས་ཐོན་པའི་བརྩམས་ཆོས་མང་པོ་དཔལ་ཡོན་དང་བླངས་རུ་ཁག་གི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཚོགས་ཞུགས་མགོ་ཁྲིད་པ་དང་དང་བླངས་ཞབས་ཞུ་བ་དག་གི་དགོས་མཁོ་ལྟར་ལྷུག་སྩོལ་གནང་པ་མ་ཟད།   ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ལ་རིགས་གནས་འཚོ་བའི་ནང་དོན་གལ་ཆེན་ཞིག་ཀྱང་འདོན་སྤྲོད་བྱེད་ཐུབ་པ་བྱུང་།



གོ་ཚུགས་མཛད་སྒོའི་ཡུལ་དངོས།




གོ་ཚུགས་མཛད་སྒོའི་ཡུལ་དངོས།



ཀླུ་ཆུ་རྫོང་གི་རྫོང་དཔོན་ལྷུན་གྲུབ་དང་རྫོང་དྲིལ་བསྒྲགས་པུའུ་ཀྲང་སྐལ་བཟང་ལྷ་མོ། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དོན་གྲུབ། རྫོང་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་མགོན་པོ་དབང་སྡུད་སོགས་ཀྱིས་ཡིག་མཁན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་ཡུལ་དངོས་སྨྱུག་རྩལ་ལ་རོལ་མྱོང་གནང་བཞིན་པ།






རྫོང་དཔོན་ལྷུན་གྲུབ་ལགས་དང་སྐལ་བཟང་ལྷ་མོ།མགོན་པོ་དབང་སྡུད། དོན་གྲུབ། ཆའོ་སྒྲོལ་མ་ཀྱིས་ཐེངས་འདིའི་དང་བླངས་པའི་ལས་དོན་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཡིག་རིས་སུ་ཕབ་པར་གཟིགས་བཞིན་པ།




    


ཀླུ་ཆུ་རྫོང་གི་རྫོང་དཔོན་ལྷུན་གྲུབ་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུར་རྩལ་ལ་རྒྱུས་ལོན་ཞིབ་མོ་གནང་བཞིན་པ།




   


རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དོན་གྲུབ་ལགས་ལ་ཡིག་མཁན་ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།





ཡིག་མཁན་རྣམ་པས་ཡུལ་དངོས་ནས་ཡིག་གཟུགས་འབྲི་བཞིན་པའི་རྣམ་པ།




    


ཡིག་མཁན་ཆོས་འཁོར་བསྟན་འཛིན་ལགས་ཀྱིས་དང་བླངས་ཞབས་ཞུ་བར་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།



    


ཡིག་མཁན་རྟ་མགྲིན་མགོན་པོ་ལགས་ཀྱིས་དང་བླངས་ཞབས་ཞུ་བར་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།



ཡིག་མཁན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་དང་བླངས་ཞབས་ཞུ་བར་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།





ཡིག་མཁན་དཔལ་མགོན་ཚེ་རིང་ལགས་ཀྱིས་དང་བླངས་ཞབས་ཞུ་བར་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།





ཡིག་མཁན་སྐལ་བཟང་ཚེ་བརྟན་ལགས་ཀྱིས་དང་བླངས་ཞབས་ཞུ་བར་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་གནང་བཞིན་པ།




༢༠༡༩ལོའི་ཁ་བ་དཀར་པོའི་མནའ་བཟའ་དང་ཡིག་མཁན་དང་བླངས་པའི་སྟོད་ཐུང་དམར་པོ་ཟུང་དུ་འགྲོགས་པའི་ཉམ་པར།


གསར་འགོད་པ་ཨ་སྨྱོན་སྐལ་བཟང་ཚེ་བརྟན། སྒྲིག་སྦྱོར་བ་ཧེ་རམ་པ།

会员登录
登录
我的资料
留言
回到顶部