གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ལྗོངས་ཀྱི་ཡིག་མཁན་གསུམ་གྱི་བརྩམས་ཆོས་འགྲེམ་སྟོན།

 二维码 1954
发表时间:2019-10-18 01:22作者:ཡིག་མཁན་གསུམ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཡིག་མཁན་དཔལ་འབྱོར་རམ་ངག་དབང་པད་དཀར་སྨྱུག་མིང་འདབ་བརྒྱ་ཁ་བའི་མདངས་ལྡན།





       ༄།།ཡིག་མཁན་དཔལ་འབྱོར་རམ་ངག་དབང་པད་དཀར་སྨྱུག་མིང་འདབ་བརྒྱ་ཁ་བའི་མདངས་ལྡན་ནི་༡༩༦༥ལོའི་སྟོན་ཀར་ལྷ་སའི་ཉེ་འདབ་སྟོད་ལུང་བདེ་ཆེན་ངང་དཀར་ཞེས་པ་རྒྱལ་བ་འབྲོམ་དང་སྨན་རྒྱལ་གཡུ་ཐོག་པ་ཆེན་པོ་འཁྲུངས་ཡུལ་དང་ཐག་ཉེ་བའི་སར་ལྟེ་ཁྲག་འཕོས། ཆུང་ངུའི་དུས་སློབ་ཆུང་འགྲིམ་པ་དང་དེ་ནས་ཁྱིམ་ཚང་འཁོས་ཀ་ཞན་པའི་རྐྱེན་གྱིས་ལས་ཀ་གཙོ་བོ་དང་ཞར་ལ་ཨ་ཞང་དྲིན་གྱིས་ཡི་གེ་འབྲི་ཀློག་དང་ཡིག་གཟུགས་བཅས་ལ་སྦྱངས་པ་བྱེད་ཁུལ་བྱས།༡༩༨༣ལོར་ཆོས་ཞུགས་བྱས་ནས་རྒན་ལམ་རིམ་པ་ངག་དབང་ཕུན་ཚོགས་གཙོས་པའི་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་དཔེ་འཛིན་སྐྱོར་སྦྱང་དང་རིག་ལམ་ནས་བརྩམས་་ཏེ་སློབ་གཉེར་དང་ལྷག་པར་འབྲས་བློ་གླིང་མཁན་ཟུར་ཚུལ་ཁང་བླ་མ་རིན་པོ་ཆེའི་ཕྱག་མཛོད་ལྷོ་པ་དགེ་བཤེས་ཡེ་ཤེས་ཆོས་འཕེལ་ཀྱི་དྲུང་ནས་ཡིག་གཟུགས་དབུ་ཅན་གྱིས་གཙོས་པའི་རིག་པའི་གནས་ལ་བརྩོན་པ་མི་ཆུང་ཁུལ་བྱས།༢༠༠༣ལོར་བོད་ལྗོངས་སློབ་ཆེན་ལ་དར་མའི་ཡིག་རྒྱུགས་སྤྲད་ནས་༢༠༠༦ལོར་སློབ་མཐར་ཕྱིན་ཏེ་ཡུལ་སྐོར་ཆེད་ལས་སློབ་ཆེན་གྱི་དཔང་ཡིག་བླངས།དེ་ནས་སྐབས་དེ་ཤེད་ན་ཉང་བྲན་དམངས་སྲོལ་དགའ་ཚལ་བོད་ཡིག་འགྲེམ་སྟོན་ཁང་ལ་ཡིག་རིགས་དང་འབྲེལ་བའི་མ་ཕྱི་འཚོལ་བསྡུ་དང་ཡིག་གཟུགས་ཀུན་འདུས་ཞལ་ཐང་གི་གཙོས་པའི་དཔེ་དེབ་ཁག་ཅིག་རྩོམ་སྒྲིག་བྱས་པའི་བྱ་འགུལ་ནང་མཉམ་ཞུགས་བྱས།སྔ་ཕྱིར་ཡིག་གཟུགས་འགྲེམ་སྟོན་གྱི་གཙོས་པའི་བྱ་འགུལ་ལའང་ཐེངས་མང་ཞུགས་ནས་གཟེངས་བསྟོད་ཡང་ཐེངས་མང་ཐོབ།༢༠༡༣ལོར་ལྗོངས་རིམ་པའི་ཁྱུང་བྲིས་དབུ་ཅན་རྒྱུན་འཛིན་གྱི་དཔང་ཡིག་འཐོབ།དེ་ནས་ད་ཐེངས་བརྩམས་བྱ་འགྲེམ་སྟོན་ནང་རྟེན་འབྲེལ་བསྟོད་པ། ཚུགས་ཆུང་༽དགེ་ལྡན་ལེགས་བཤད། འབྲུ་ཚ་༽ཁ་ཆེ་ཕ་ལུ། དཔེ་ཚུགས་༽རྒྱལ་སྲས་ལག་ལེན་སོ་བདུན་མ། འབྲུ་ཚ་༽སྣག་ཚ་རིན་ཆེན་རིགས༽བཤེས་པའི་སྤྲིང་ཡིག   འཁྱུག་ཡིག༽སློབ་གཉེར་བསླབ་བྱ། དབུ་ཅན༽འཕགས་བསྟོད།ཚུགས་ཆུང་༽དེ་མིན་ཙག་ཙིག་ཁག་ཅིག་བཅས་བཀྲམ་སྟོན་བྱས་པའི་བར་ལའང་ཡིག་གཟུགས་ཀྱིས་གཙོས་པའི་རིག་གནས་བྱ་གཞག་ནང་དགེ་ཕྲུག་གསོ་སྐྱོང་དང་ཚད་ལྡན་བོད་ཀྱི་མཐིངས་ཤོག་བཟོ་རྩལ་དང་གསེར་ཡིག་འབྲི་རྩལ་བཅས་རྒྱུན་འཛིན་ཙམ་མ་ཟད་དཔོད་གསུམ་ཙམ་གཙང་བཤུས་ལག་ལེན་བྱེད་བཞིན་མཆིས།།


ཡིག་མཁན་བ་རོད་བྱམས་པ་སངས་རྒྱས་སམ་སྨྱུག་མིང་ནས་སོན།


    


        རྩོམ་པ་པོ་བ་རོད་བྱམས་པ་སངས་རྒྱས་སམ་སྨྱུག་མིང་ནས་སོན་ནི།   སྔོན་མདོ་ཁམས་རྫ་ཆུ་ཁ་བའི་རིགས་ལས་ཡར་མཆེད་དེ་དེང་སྐབས་བྱང་ནག་ཆུའི་ཤར་ཕྱོགས་སུ་ཨོ་ཏོག་ཅེས་པའི་འབྲོག་སྡེ་རུ་ ༡༩༨༦ ལོར་སྐྱེས། ཆུང་ནས་གཞུང་སློབ་འགྲིམས་པའི་གོ་སྐབས་མ་ཐོབ་ཀྱང་རིག་གནས་ལ་དུང་བ་ཟབ་བའི་དབང་གིས་སེ་ར་དགོན་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། དེ་བཞིན་བོད་ལྗོངས་གསོ་རིག་སློབ་གླིང་སོགས་སུ་ཟུར་ཞུགས་ཀྱིས་ཤེས་བྱའི་གནས་དུ་མར་སྦྱང་པ་ལྷོད་མེད་བྱས་པ་དང་།   བོད་ཁུལ་མིང་དུ་གྲགས་པའི་དགེ་རྒན་དུ་མའི་ཞབས་ལ་བཏུགས་ནས་རིག་གནས་སྤྱི་དང་ལྷག་ཏུ་སྙན་ངག་དང་བརྡ་སྤྲོད། ཡིག་གཟུགས་གསུམ་འབུར་དུ་ཐོན་པ་ཞིག་སྦྱོང་བ་བྱས་པའི་འབྲས་བཟང་གིས། ས་གནས་དང་ལྗོངས་རྒྱལ་ཡོངས་སོགས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་སོགས་ཐེངས་མང་པོར་ཐོབ།

           སྤྱིར་བོད་ཀྱི་རིག་གཞུང་ཀུན་ལ་སྦྱང་འབྲས་གཟེངས་སུ་ཐོན་ཏེ་མཁས་དབང་རྣམ་པས་གདེང་འཇོག་མཐོན་པོར་ཐོབ་ཡོད།   མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གིས་གདེང་འཇོག་མཐོན་པའི་བྱ་དགའ་ཐེངས་གཉིས་གནང་ཞིང་། མ་ཟད་མཁས་དབང་ཁོང་གི་ལོ་མང་རིང་གི་དངོས་སློབ་རྩེ་ཕུད་གྲས་སུ་ཡིན་ཞེས་གསུང་མྱོང་ཡོད།   སྔ་རྗེས་སུ་དྲ་རྒྱ་དང་དུས་དེབ་ཁག་ཏུ་རྩོམ་ཡིག་དང་ཡིག་གཟུགས་ཅི་མང་སྤེལ་མྱོང་བར་མ་ཟད། སྒེར་གྱི་རྩོམ་དེབ་«ངག་གི་བྲག་ཅ་» དང་། « ཡར་ཀླུང་གི་མི་ཞིག » «བོད་ཀྱི་ཡིག་གཟུགས་སྣ་ཚོགས་རང་མཉམ་བློ་གསར་དགྱེས་པའི་མཆོད་སྤྲིན» ཞེས་པ་སོགས་བརྩམས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བས་ཀུན་གྱིས་དགའ་བསུ་ཆེན་པོ་བྱས་དང་བྱེད་མུས་སུ་མཆིས།

      ད་ལྟའི་ཆར།   ལྷ་ས་གྲོང་ཁྱེར་ཇོ་མོ་གླང་མའི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་གྱི་གྲས་སུ་ཞུགས་ཡོད།




ཡིག་མཁན་ཀུན་དགའ་ལྷུན་གྲུབ།



    


        ཡིག་མཁན་ཀུན་དགའ་ལྷུན་གྲུབ་ལགས་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངོར་དགོན།   ཁོང་ནི་སྤྱོ་ལོ་༡༩༩༣ལོར་སྐུ་འཁྲུངས་པ་དང་སྤྱི་ལོ་༡༩༩༩ལོ་ནས་༢༠༠༨ལོའི་བར་སློབ་གྲྭ་ཆུང་འབྲིང་དུ་ཕེབས་པ་དང་དེ་རྗེས་བོད་ལྗོངས་གཞིས་རྩེ་གྲོང་ངོར་དགོན་དུ་ཆོས་བཞུགས་གནང་ནས་ངོར་ཕན་བདེ་མཁན་རིན་པོ་ཆེ་༧འཇམ་དབྱངས་ཐུབ་བསྟན་སྙིང་པོ་མཆོག་གི་སྐུ་འདུན་ནས་རབ་ཏུ་བྱུང་བ་དང་ད་བར་མི་ལོ་བཅུ་གསུམ་རིང་མཐུན་མོངས་རིག་གནས་དང་མཐུན་མོངས་མ་ཡིན་པའི་ནང་བསྟན་རིག་གཞུང་ཚད་མ་དང་།   འདུལ་བ། མངོན་པ།   དབུ་མ། ཕར་ཕྱིན་ལ་སོགས་པའི་གྲགས་ཅན་བཅོ་བརྒྱད་ལ་ཐོས་བསམ་གནང་ཞོར་དུ་རང་གི་དགའ་ཕྱོགས་ཤིག་གི་བོད་ཡིག་ཡིག་སྦྱངས་མགོ་ཚུགས་སྟེ་བོད་ཀྱི་ཡིག་མཁན་ཆེན་མོ་རྒན་གཙང་པ་རིན་རྡོར་མཆོག་མི་ལོ་བཅུ་ཕྲག་ལྷག་དགེ་བའི་བཤེས་གཉེན་ལ་འབྲལ་མེད་ངང་བསྟེན་ནས་ད་ཆ་སྣ་མང་བོད་ཡིག་ཡིག་གཟུགས་ཀུན་ལ་བྱང་ཆ་ལྡན་པའི་བོད་ཀྱི་ཡིག་མཁན་དུ་གྱུར་བ་དང་།   མ་ཟད་ད་བར་ལྗོངས་རིམ་པ་དང་ས་གནས།   རྗོང་རིམ་པ་སོགས་ཀྱི་བྱ་དགའ་རིམ་པ་མང་པོ་འཐོབ་མྱོང་བ་ཞིག་ཀྱང་རེད།  

       ད་ཐེངས་ཁོང་གི་བོད་ཀྱི་ཡིག་མཁན་ཆེན་མོ་གསུམ་གྱི་ཡིག་གཟུགས་འགྲེམས་སྟོན་ཞེས་པའི་ནང་ལོ་ངོ་བཅུ་ཕྲག་སྐུ་ངལ་ཚད་མེད་གནང་བའི་ཕུལ་བྱུང་བརྩམས་བྱ་བརྒྱ་ལྷག་ཙམ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཚུལ་དུ་དབུས་ལྷ་ལྡན་གྲོང་ཁྱེར་གྱི་བོད་ལྗོངས་ལྷ་ས་བཀྲ་ཤིས་ཕོ་བྲང་གསོལ་མགྲོན་ཁང་དུ་སྤེལ།  




ཁོང་རྣམ་པའི་བརྩམས་ཆོས་ཁག་འདེམས་བཀོད།




    



    



    



    



    



    



    



    



    



    



    



    



    



    



    



    




    



    



    



    



    



    



    



    



    



    



    



    



    



    



    



    





མཁོ་འདོན་པ།ནས་སོན།སྒྲིག་སྦྱོར་བ་ཧེ་རམ་པ།


会员登录
登录
我的资料
留言
回到顶部