གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཁྲི་ཏོ་རེ་སྒྱུ་རྩལ་ཁང་གི་གཙོ་སྒྲུབ་མཛད་པའི་བོད་ལྗོངས་ཡིག་མཁན་གསུམ་གྱི་བརྩམས་ཆོས་ལེགས་གྲས་འགྲེམ་སྟོན་

 二维码 1032
发表时间:2019-10-18 01:17作者:ནས་སོན།来源:བོད་ཀྱི་ཡིག་གཟུགས་དྲ་བཞ


ཁྲི་ཏོ་རེ་སྒྱུ་རྩལ་ཁང་གི་གཙོ་སྒྲུབ་མཛད་པའི་བོད་ལྗོངས་ཡིག་མཁན་གསུམ་གྱི་བརྩམས་ཆོས་ལེགས་གྲས་འགྲེམ་སྟོན་ཆེན་མོ།


       སྤྱི་ལོ ༢༠༡༩ལོའི་༡༠ཚེས༡༢ཉིན།   ཁྲི་ཏོ་རེ་སྒྱུ་རྩལ་ཁང་གི་གཙོ་སྒྲུབ་མཛད་པའི་བོད་ལྗོངས་ཡིག་མཁན་གསུམ་གྱི་བརྩམས་ཆོས་ལེགས་གྲས་འགྲེམ་སྟོན་ཆེན་མོ་དངོས་སུ་དབུ་འབྱེད་གནང་ལ། འགྲེམ་སྟོན་ཀྱི་སྐབས་སུ་བོད་ལྗོངས་ཡིག་མཁན་ཆེན་མོ་མང་པོ་ཡུལ་དངོས་སུ་ཕེབས་གནང་མཛད། གཞན་ཆེདད་ལས་ཁག་གི་མཁས་དབང་བརྒྱ་ཕྲག་ལྷག་དང་། རྒྱ་ཆེའི་གཟིགས་མོ་བ་སྟོང་ཕྲག་གསུམ་ལྷག་ཕེབས་འགྲེམ་སྟོན་ལ་རོལ་མྱོང་དུ་བྱོན།

        ༡.དབུ་འབྱེད་མཛད་སྒོའི་སྟེང་ཡིག་མཁན་བསྟན་འཛིན་མཆོག་གིས་གསུང་རྒྱུར། ཐེངས་འདིའི་འགྲེམ་སྟོན་འདི་ལྟ་བུ་ཧ་ཅང་གི་དཀོན་པོ་རེད་ཞེས་གསུངས་ཞིང་། རྒན་ངག་དབང་དཔེ་དཀར་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ལས་དོན་ལ་སྐུ་ལས་མང་པོ་གནང་ཡོད་པས་ཁོང་ལ་བཀའ་དྲིན་ཆེན་པོ་ཞུ་དགོས་ཡོད་གསུངས། ལྷག་པར་བྱམས་པ་སངས་རྒྱས་ཀྱི་སྨྱུག་རྩལ་དང་སྙིང་སྟོབས་དཔེ་མི་སྲིད་པ་རེད་ཅེས་བསྔགས་བརྗོད་གནང་བ་རེད།   

        ༢ མཁས་དབང་ཁྲི་ཏོ་རེ་མཆོག་གིས་གསུངས་དོན།   ང་ཚོའི་བོད་ཀྱི་ཡིག་གཟུགས་འདི་ཉིད་མ་འོངས་པར་སྤྱི་ཚོགས་ཁྲོམ་རའི་ཐོག་ལ་གཏོང་ཐུབ་པ་དང་ཚོང་རྫས་ལེགས་ཤོས་ཤིག་ཏུ་བསྒྱུར་ཐུབ་པར་འབད་བརྩོན་ལྷོད་མེད་བྱ་རྒྱུའི་ཆོད་སེམས་དང་བཅངས་ཡོད་པ་དང་། ལྷག་པར་ངེད་ཁྲི་ཏོ་རེ་སྒྱུ་རྩལ་ཁང་གིས་མ་འོངས་པར་བཀྲ་ཤིས་ཕོ་བྲང་གསོ་མགྲོན་ཁང་དུ་སྔར་ལས་ལྷག་པའི་བྱ་འགུལ་ཞིག་སྤེལ་རྒྱུ་ཡིན་ཞེས་གསུངས། ཡིག་མཁན་བྱམས་པ་སངས་རྒྱས་ལགས་བོད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་དམིགས་བསལ་གྱི་བྱང་གོམས་བྱུང་ཡོད་མཁན་ཞིག་རེད་ཅེས་གསུངས་ཡོད་པ་རེད།

         མཛད་སྒོའི་སྟེང་ཡིག་མཁན་གསུམ་ལ་མཇལ་དར་སྒྲོན་ཞིང་ཡིག་མཁན་རྣམས་པས་མི་ཚོགས་དཀྱིལ་དུ་ཕྱག་རྩལ་ངོམས་ཤིང་།   བརྩམས་ཆོས་ཁག་ལ་གཟིགས་སྐོར་དང་འགྲེལ་བཤད་བརྒྱབས་ཏེ་སྐུ་མགྲོན་རྣམ་པའི་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་དགའ་སྟོན་ཞིག་ཏུ་བྱུང་།



    



    



    







    





        



    



    



    



    



    




    



    




མཁོ་འདོན་པ།ནས་སོན།སྒྲིག་སྦྱོར་བ་ཧེ་རམ་པ།






会员登录
登录
我的资料
留言
回到顶部