གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བྲིས་པ་ཨ་སྨྱོན་སྐལ་བཟང་ཚེ་བརྟན་ལགས་ཀྱི་ཡིག་གཟུགས་དེབ་གསར་འགྲེམ་སྤེལ་མཛད་སྒོ་ཀླུ་ཆུ་རྫོང་ནས་སྤེལ་བ།

 二维码 1785
发表时间:2019-10-14 13:35作者:རིག་པའི་སྐར་ཆུང་།དཔལ་མགོན་ཚེ་རིང་།来源:བོད་ཀྱི་ཡིག་གཟུགས་དྲ་བ།

        ༢༠༡༩ལོའི་ཟླ༡༠བའི་ཚེས༡༥ཉིན། ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ། མདོ་སྨད་ཀན་ལྷོ་ཀླུ་ཆུའི་ཕུལ་བྱུང་བྲིས་པ་ཨ་སྨྱོན་སྐལ་བཟང་ཚེ་བརྟན་ལགས་ཀྱི་ཡིག་གཟུགས་དེབ་གསར་ཡིག་གཟུགས་མཐོང་བ་ཀུན་སྨོན་ཞེས་པ་འགྲེམ་སྤེལ་གྱི་མཛད་སྒོ་ཀླུ་ཆུ་རྫོང་མཁར་ནས་སྤེལ་བ་རེད།


664237562.jpg


     

     འགྲེམ་སྤེལ་མཛད་སྒོའི་སྟེང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གཙོ་བདག་གམ་ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་རྟ་མགྲིན་མགོན་པོ་དང་། བོད་ཀྱི་ཡིག་གཟུགས་དང་ལྷ་རིས་སྒྱུ་རྩལ་བ་།ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཆོས་འཁོར་བསྟན་འཛིན།   ཀླུ་ཆུའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་མེ་ལྷ་ཆུང་ངམ་མགོན་པོ་སྐྱབས་སོགས་མཐུན་ཚོགས་ཀྱི་ཚོགས་མི་དང་། གཞན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་30ལྷག་ཞུགས་ཤིང་།   མེ་ལྷ་ཆུང་ངམ་མགོན་པོ་སྐྱབས་ཀྱིས་མཛད་སྒོའི་མདོ་འཛིན་མཛད།   


     

455555555.jpg


     

         མཛད་སྒོའི་སྟེང་རྒན་ཨ་སྨྱོན་ནམ་སྐལ་བཟང་ཚེ་བརྟན་ལགས་ཀྱིས་རང་གི་ཡིག་གཟུགས་ཀྱི་དཔེ་དེབ་གསར་བ་ཡིག་གཟུགས་མཐོང་བ་ཀུན་སྨོན་ཞེས་པ་གསར་རྩོམ་གྱི་ཀུན་སློང་དང་གསར་རྩོམ་བརྒྱུད་རིམ་སོགས་ཀྱི་ཐད་ནས་གཏམ་བཤད་མདོར་ཙམ་གནངས་ཤིང་། ཚོགས་མི་ཡོངས་ཀྱིས་རྒན་ལགས་ཀྱི་ཕུལ་བྱུང་གྲུབ་འབྲས་ལ་རྟེན་འབྲེལ་ཤིས་ཚིག་དང་དྲི་མེད་ལྷ་དར་འབུལ་བ་མ་ཟད།ཁོང་གི་དཔེ་དེབ་གསར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དེས་བོད་ཀྱི་ཡིག་གཟུགས་དར་སྤེལ་དང་སྒོས་སུ་ཀླུ་ཆུའི་ཡིག་གཟུགས་མཐུན་ཚོགས་ལ་གསོན་ཤུགས་གསར་བ་བགོས་པ་སོགས་ཀྱི་ཐད་ནས་གདེང་འཇོག་མཐོན་པོ་གནངས་བ་དང་གཞན། ཚོགས་ཞུགས་ཡིག་གཟུགས་པ་རྣམས་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་ཐད་ནས་རང་རང་གི་ཉམས་མྱོང་བརྗེ་རེས་སོགས་ཀྱི་བགྲོ་གླེང་ཟབ་མོ་མཛད།     


尕才书法字帖发布会 (2).jpg



尕才书法字帖发布会 (3).jpg


      རྒྱུས་ལོན་བྱས་པ་ལྟར་ན།   ཀླུ་ཆུའི་ཕུལ་བྱུང་བྲིས་པ་ཨ་སྨྱོན་ནམ་སྐལ་བཟང་ཚེ་བརྟན་ལགས་ནི་མཁས་དབང་དྲུང་ཡིག་སྨོན་ལམ་རྒྱ་མཚོའི་སྲས་ཀྱི་ཐུ་བོ་ཆོ་ཚང་རྡོ་རྗེ་རྣམ་རྒྱལ་ལགས་ཀྱི་དངོས་སློབ་ཡིན་ལ། མི་ལོ་ཉི་ཤུ་ལྷག་གི་རིང་ལ་བོད་ཀྱི་ཡིག་གཟུགས་དབུ་ཅན་དང་དབུ་མེད་སོགས་གི་འབྲི་སྦྱོང་བར་མ་ཆད་པས། དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་རྒྱུན་དབུ་ཅན་ཡིག་གཟུགས་སོགས་ཀྱི་བྲིས་རྩལ་རྩེར་ཐོན་པ་མ་ཟད། བོད་ཀྱི་ཡིག་གཟུགས་དར་སྤེལ་གཏོང་བར་གློག་ཀླད་ཡིག་མཛོད་ཆ་ཚང་གཡུ་བྲིས་ཡིག་མཛོད་སོགས་གསར་སྤེལ་མཛད་ནས་བོད་ཀྱི་ཡིག་གཟུགས་ལས་དོན་ཐད་ཀུན་གྱིས་སྨོན་པའི་གྲུབ་འབྲས་མི་དམན་པ་ཐོབ་ཡོད།


   

尕才书法字帖发布会 (7).jpg



尕才书法字帖发布会 (1).jpg



尕才书法字帖发布会 (9).jpg


      ཐེངས་འདིར་འགྲེམ་སྤེལ་བྱས་པའི་ཁོང་གི་ཡིག་གཟུགས་མ་ཕྱི་དབུ་ཅན་ཡིག་གཟུགས་མཐོང་བ་ཀུན་སྨོན་ཞེས་པ་ནི་རང་གིས་ལོ་ངོ་གཉིས་ལྷག་གི་རིང་ལ་ལས་ཞོར་དུ་དཀའ་སྤྱད་འབད་བརྩོན་གྱིས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་རིམ་པ་ལྟར། དབྱངས་གསལ་སོ་བཞིའི་སྨྱུག་རིམ། དབྱངས་སྦྱོར་ཚུལ། མགོ་ཅན། འདོགས་ཅན།   བརྩེགས་ཡིག་དང་བཅས་པའི་འབྲི་ཚུལ་ཆ་ཚང་ཞིང་གོ་རིམ་མ་འཁྲུག་པའི་སྒོ་ནས་ཕྱག་བྲིས་གནངས་ཡོད་ལ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་མཛད་པ་རེད།


       གསར་འགོད་པ།   བཀྲ་ཤིས་དོན་གྲུབ། དཔལ་མགོན་ཚེ་རིང་།


会员登录
登录
我的资料
留言
回到顶部