རྨ་ཆུ་རྫོང་གིས་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་བཙུགས་པ་དང་སྐབས་དང་པོའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་བགྲོ་གླེང་ཚོགས་འདུ་བསྡུས་པ།
ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་བཅུ་ལོན་པའི་འཁྲུངས་སྐར་བསུ་མའི་ལེགས་སྐྱེས་ཀྱི་ཚུལ་དུ་རྨ་ཆུ་རྫོང་རིག་གནས་ཁང་གིས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཕུགས་བསམ་སེམས་ནས་མ་བརྗེད་འགན་འཁྲི་ཡིད་ནས་མ་དོར་ཞེས་པའི་བརྗོད་དོན་གཙོ་བོར་བཟུང་བའི་ཡིག་གཟུགས་བྱ་འགུལ་སྤེལ་བ།
ཐེངས་འདིའི་བྱ་འགུལ་ལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ། དམངས་ཆེན་དང་སྲིད་གྲོས་སོགས་ཀྱི་རྒྱ་སྐྱོར་ཐོབ་ལ། ཏང་སྲིད་ལས་ཁུངས་དང་སློབ་གྲྭ་ཆུང་འབྲིང་། ས་གནས་ཀྱི་འབྲོག་པ་མང་ཚོགས་དང་། སྐྱ་སེར་ཕོ་མོ་རྒན་གཞོན་སྟོང་ཕྲག་ལྷག་མཉམ་ཞུགས་བྱས།
བྱ་འགུལ་འདི་རྒྱལ་སྟོན་ལ་ཕུལ་པའི་རྨ་ཆུའི་རིག་གནས་འཚོ་བ་སྔར་བྱུང་མ་མྱོང་བ་ཞིག་ཡིན་ལ། རྫོང་རིག་གནས་ཁང་གིས་ད་ལོ་འགན་སྒྲུབ་བྱས་པའི་བྱ་འགུལ་གལ་ཆེན་ཐེངས་གཅིག་ཀྱང་ཡིན།
སྐབས་དང་པོའི་རྨ་ཆུའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ལ་གཟིགས་ན་འདི་མནོན།
|