གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡིག་གཟུགས་འབྲི་རྒྱུན་སྣ་ཚོགས་ཀྱི་ངོ་སྤྲོད།  ཁག་གསུམ་པ།

 二维码 220
发表时间:2019-10-09 23:57作者:རྒན་སྤེན་ནོར།来源:སྐལ་བཟང་དོན་གྲུབ་གྱིས་མཁོ་འདོན་བྱས།


ཡིག་གཟུགས་འབྲི་རྒྱུན་སྣ་ཚོགས་ཀྱི་ངོ་སྤྲོད།

ཁག་གསུམ་པ།




    

       མདོ་ཁམས་ཁུལ་གྱི་ཐུན་མིན་བྲིས་ཉམས་ཡོད་པའི་གཟབ་བཤར་འབྲི་ཚུལ། འདི་ཉིད་གཙོ་བོར་ཀུན་མཁྱེན་སི་ཏུའི་སྐབས་བོད་ཡོངས་ཀྱི་དབུ་ཆེན་འབྲི་སྲོལ་གྱི་ལེགས་ཆ་གཅིག་སྡུད་བྱས་པའི་མིང་དུ་གྲགས། གཞན་ཡང་ཁམས་ཕྱོགས་ཀྱི་དབུ་མེད་འབྲི་ཚུལ་ལ་ཀརྨ་སྒར་བྲིས་དང་། བྲབ་བྲིས་དང་། བར་བྲིས་སོགས་མཆིས་པར་ཁམས་བྲིས་སུ་གྲགས་སོ།

    


       ལྷོ་ཁ་གཡེའམ། ཨེ་ཁུལ་དུ་ཧ་ལམ་བོད་བཙན་པོའི་སྐབས་ཙམ་ནས་ཡིགམཁན་མང་དུ་བྱོན་པ་དེ་དག་གི་དྲིན་ལས་དུས་རབས་མི་འདྲ་བའི་ནང་བོད་ཀྱི་སྣག་ཤོག་ཡིག་འབྲི་དང་། པར་བརྐོ་སོགས་ཀྱི་ལས་ཀའི་གོ་མིང་བཟུང་ནས་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་རྩ་ཆག་གི་ལག་ཁྱེར་བསྟན་དུ་ཡོད་པའི་དུད་ཚང་མི་ཉུང་བ་ཡོད། ཨེ་པའི་བྲིས་ཀྱི་ཁྱད་ཆོས་གཟབ་བཤར་གཉིས་ཀ་ཡི་གེ་བོང་ཆུང་ཡང་ལྟ་བདེ་ལ་བརྗིད་ཆེ་བ། སྙོམས་ལ་ཆུད་ཆེ་བས་པར་ཤིང་དང་ཤོག་བུ་འགྲོ་གྲོན་ཆུང་ལ་མཛེས་པ་མ་ཉམས་པའི་ཁྱད་ཆོས་མངའ། སྔར་རྩ་ཚིག་དང་། བཀའ་ཁྱབ་སོགས་ཕལ་ཆེར་རྩེ་ཤོད་དྲུང་ཡིག་དང་ཨེ་པས་འབྲི་བ་ལགས།

    



        ཀ་ཁ་ཐོན་རྗེས་མགོ་འདེགས་ཅན་གྱི་ཡི་གེ་སྦྱོང་བའི་རིམ་པ་སྟེ། མགོ་འདོགས་ཅན་གྱི་ཡི་གེ་རྣམས་ཡང་ཡང་ཟློས་ནས་འབྲི་དགོས་པ་གང་ཞིག དེ་རྣམས་བར་ཐག་ངེས་ཅན་བཞག་ནས་ཧྲལ་ཙམ་བྱས་ནས་འབྲི་དགོས་པས་དེ་སྐད་ཅེས་ཐོགས་སོ།

    



         ཡིག་གཟུགས་གོང་དང་འདྲ་བ་ལ། ཆ་ཚད་ཆེས་ཆུང་ངུར་བྱས་ཏེ་ཐིག་གམ། བྱང་ན་མ་བཏབ་ནའང་འཐུས་པའི་ཚུགས་ཡིག

    



         ཡིག་གཟུགས་དང་ཆ་ཚད་ཕལ་མོ་ཆེ་ཚུགས་ཆུང་དང་འདྲ་བ་ལ། སྤྱིའི་འཁྱུག་ཉམས་དེ་ལས་ཞད་ཀྱིས་ཆེ་ཙམ། གི་གུ་གྱེན་དུ་བསླངས་པ། ཡ་བཏགས་བྱ་མཆུ་དང་འདྲ་བ་ཞེས་སོགས་འབྱུང་བ་ལྟར་རོ།

རྩོམ་པ་པོ་དབུས་ཀྱིས་བྲིས་པ་གྲགས་ཅན་རྒན་སྤེན་ནོར།

བར་བཅུག་ཡིག་གཟུགས་པ་སྐལ་བཟང་དོན་གྲུབ།

རྩོམ་སྒྲིག་པ་ཧེ་རམ་པ།


会员登录
登录
我的资料
留言
回到顶部